དགོན་སྡེ་དང་གནའ་ཤུལ།



༼ ཀ ༽
ཀ་ཐོག་དགོན།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་ཁོངས་ཀྱི་དགོན་པ་ཞིག་སྟེ་དུས་རབས་བཅུ་གཉིས་པར་ཕག་མོ་གྲུ་པའི་གཅུང་པོ་ཀ་དམ་པ་བདེ་གཤེགས་ཀྱིས་བཏབ།
嘎妥寺。四川省甘孜藏族自治州白玉县境一宁玛派寺庙名。原为十二世纪中帕摩竹巴之弟噶-当巴德协所倡建。
ཀརྣི་སྒོ་བཞིའི་མཆོད་རྟེན།
ལྷ་སའི་གཙུག་ལག་ཁང་གི་བྱང་རྒྱུད་ཁྲོམ་ལམ་དུ་སྔར་ཡོད་མཆོད་རྟེན་སྒོ་བཞི་མའི་མིང་། སྤྱི་ལོ་ ༡༣༦༨ གོང་ལ་བོད་ཀྱི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཡུན་རིང་སྐུ་མཚམས་ལ་བཞུགས་མྱོང་བའི་གནས་ཤིག་ཡིན་པར་གྲགས།
噶尼果希。拉萨大昭寺北街一座四门塔名。相传公元1368 年前,藏传佛教证士唐东杰波曾在此处长期修行。

ཀུན་བདེ་གླིང་།
ལྷ་སའི་རྩེ་པོ་ཏ་ལའི་ལྷོ་ནུབ་ཕྱོགས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་སྟག་ལོར་ཕྱག་བཏབ་པའི་དགོན་པ་ཞིག་སྟེ། དེའི་བདག་པོ་རྟ་ཚག་ནོ་མིན་ཧན་ནམ། རྗེ་དྲུང་ཧོ་ཐོག་ཐུ་ཞེས་པའི་གོ་མིང་འཛིན་པའི་སྐྱེ་ཕྲེང་སྔ་ཕྱི་གཉིས་ཀྱིས་གོང་མ་ཆན་ལུང་དང་། ཀྭང་ཞུའི་སྐབས་སུ་བོད་ཀྱི་སྲིད་སྐྱོང་ཐེངས་གཉིས་བྱས་ཡོད་འདུག
卫藏永安寺,功德林寺。公元1794 清乾隆59年建,在拉萨布达拉宫西南角。清乾隆和光绪两代,
ཀོང་པོ་བུ་ཆུ།
ལྷ་ཁང་ཞིག བོད་ཀྱི་ས་གཞི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བའི་ཁ་གནོན་དུ་སྲོང་བཙན་སྐབས་སུ་བཞེངས་པའི་གཙུག་ལག་ཁང་ཡང་འདུལ་བཞིའི་གྲས་ཤིག
工布布楚寺。西藏古代堪舆(kan yu )家说西藏地形象仰卧的罗刹女妖(luo cha nv yao)。松赞干布时为镇压此妖,在其右膝(you xi )建立的镇节寺庙。
བཀའ་ཚལ་དགོན་པ།
སྲོང་བཙན་སྒམ་པོའི་སྐབས་བཏབ་པའི་ལམ་གྲོ་གུང་དཀར་ས་ཁུལ་དུ་ཡོད་པ་མཐའ་འདུལ་གྱི་གཙུག་ལག་ཁང་བཞིའི་ཡ་གྱལ་ཞིག
噶采寺。藏史所载七世纪初,藏王松赞干布为镇压罗刹女右肩所倡建的一座古寺庙名。地在今西藏墨竹工卡县境内。
བཀྲ་ཤིས་ལྷུན་པོ།
གཙང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་ཆེན་ཞིག་སྟེ། རབ་བྱུང་བརྒྱད་པའི་མེ་ཡོས་ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཀྱིས་ཕྱག་བཏབ་ཅིང་། རྗེ་བློ་བཟང་ཆོས་རྒྱན་ནས་བཟུང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཞིག
札什伦布寺。后藏最大的格鲁派寺庙,在日喀则郊区,公元1447 明正统十二年丁卯,第一代达赖喇嘛根敦珠所创建,自班禅洛桑却坚以后,即为历代班禅额尔德尼驻锡所。
སྐུ་མཁར་ཉི་གཟུངས།
བོད་རྒྱལ་ཉི་མ་མགོན་མངའ་རིས་སུ་སྤྱུགས་པས་སྤུ་ཧྲེང་དུ་བརྩིགས་པའི་མཁར།
尼宋宫。吐蕃王子尼玛衮被放逐到阿里后在今普兰县境修筑的城堡名。
སྐུ་མཁར་མ་རུ།
ལྷ་སའི་བྱང་ཕྱོགས་སེ་རའི་ཉེ་འདབས་དབེན་གནས་ཕ་བོང་ཁ་ལ་ཡོད་པའི་ཕོ་བྲང་ཞིག་སྟེ། དེ་ན་ཆོས་རྒྱལ་སྲོང་བཙན་སྒམ་པོ་ལོ་བཞིའི་རིང་སྐུ་མཚམས་སུ་བཞུགས་ནས་ཐུ་མི་སམ་བྷོ་ཊས་སྲོལ་བཏོད་པའི་བོད་ཀྱི་ཡི་གེའི་གཟུགས་དང་སྦྱོར་བ་རྣམས་ལ་མཐར་ཕྱིན་པ་སྦྱོང་ཚུལ་མཛད་པའི་གནས་ཏེ། སྔར་ཐོག་སོ་དགུ་བརྩེགས་སུ་ཡོད།
古玛如堡。拉萨北郊色拉寺附近帕邦喀寺中一古代宫殿名。初建时有九层,颂赞干布曾在此闹门四年学习土弥桑布札新造的藏文。
སྐུ་འབུམ་བྱམས་པ་གླིང་།
མཚོ་སྔོན་ཞིང་ཆེན་ཧོང་ཀྲུང་རྫོང་ཁོངས་ཤར་ཙོང་ཁའི་ཡུལ་དུ་ཡོད་པའི་དགེ་ལུགས་པའི་དགོན་ཆེན་ཞིག་ཡིན་པ་འདི་ཉིད་རབ་བྱུང་བཅུ་པའི་ས་བྱི་ལོར་ཏཱ་ལའི་བླ་མ་གསུམ་པ་བསོད་ནམས་རྒྱ་མཚོའི་ཞལ་བཀོད་ལྟར་རྗེ་ཙོང་ཁ་པ་འཁྲུངས་སར་འདུལ་བ་ཆོས་རྗེ་འོད་ཟེར་རྒྱ་མཚོས་ཕྱག་བཏབ་པ་དང་། ཕྱིས་རིམ་གྱིས་རྒྱ་བསྐྱེད་བྱས་ནས་བར་སྐབས་གྲྭ་ཚང་བཞིར་འཕེལ་རྒྱས་བྱུང་།
塔尔寺。青海湟中县境一大寺名。1588年按照第三世达赖喇嘛琐南嘉措倡议,持律法师光海为保护宗喀巴降生之地而修建,后来逐步扩建,发展成为有四个僧院的格鲁派一大寺庙。
༼ ཁ ༽
ཁ་ཏི་ཁ་བ།
མཚོ་སྔོན་ཁོངས་གཏོགས་རྗེ་ཙོང་ཁ་པའི་དངོས་སློབ་བྱང་བླ་མས་བཏབ་པ་སྟེ། རྗེ་ཙོང་ཁ་པས་མ་ཡུམ་ལ་བསྐུར་བའི་འདྲ་ཐང་དངོས་མ་གསུང་འབྱོན་དུ་གྲགས་པ་དགོན་པ་འདི་ན་བཞུགས།
喀迪喀瓦寺。为宗喀巴及门弟子绛喇嘛所倡建。宗喀巴中年将自己给像寄与生母,后此给像即存留此寺中云。
ཁྲ་འབྲུག་ལྷ་ཁང་།
སྲོང་བཙན་སྒམ་པོའི་སྐབས་བཏབ་པ། ལྷོ་ཁ་ཡར་ཀླུངས་སྣེ་གདོང་ས་ཁུལ་དུ་ཡོད་ཅིང་མཐའ་འདུལ་གྱི་གཙུག་ལག་ཁང་བཞིའི་ཡ་གྱལ་ཞིག   དེར་ཝུན་ཤིང་ཀོང་ཇོའི་ཕྱག་རྫས་སུ་གྲགས་པའི་ཐབ་ཚང་དང་། ཀ་དྲུག་སྒོ་དྲུག  ཀོང་ཇོའི་འདྲ་སྐུ་མུ་ཏིག་གི་ཐང་ག་སོགས་བཞུགས་ཡོད་སྐད།
昌珠寺。七世纪初,松赞干布为镇压古堪舆家所说罗刹女左肩所倡建的寺庙,在今山南乃东县境,为西藏最早寺庙之一。相传文成公主曾居此寺,寺内有公主炉灶,六柱六门及公主珍珠卷轴像等文物。
མཁོ་མཐིང་ལྷ་ཁང་།
ལྷོ་བྲག་ས་ཁུལ་དུ་སྲོང་བཙན་སྒམ་པོའི་སྐབས་བཏབ་པའི་ཡང་འདུལ་གྱི་གཙུག་ལག་ཁང་བཞིའི་ཡ་གྱལ་ཞིག
孔延寺。七世纪初,吐蕃王松赞干布为镇压古堪舆家所说罗刹女左肘而倡建德寺庙名。地在洛扎县境。
༼ ག ༽
གྲོང་ཚང་དགོན་པ།
མཚོ་སྔོན་ཞིང་ཆེན་ལུའོ་ཏུའུ་རྫོང་དུ་ཡོད་པའི་དགོན་པ་དུས་རབས་བཅོ་ལྔ་པའི་དུས་འགོ་ལ་ཏཱ་མིང་གོང་མས་བཏབ་པ་ཞིག
瞿昙寺。在青海省乐都县境内。十五世纪初明朝皇帝敕建。
གྲྭ་ནང་བྱམས་གླིང་།
རབ་བྱུང་བརྒྱད་པའི་ཆུ་འབྲུག་ལོ་ལ་ཐུ་མི་ལྷུན་གྲུབ་བཀྲ་ཤིས་ཀྱིས་བཏབ་པའི་དགོན་པ་ལྷོ་ཁའི་ཡར་ཀླུངས་གཙང་པོའི་ལྷོའི་རི་ལྡེབས་སུ་ཡོད་པ་ཞིག
札囊-弥勒寺。藏历第八丁卯,公元1472年,土弥-伦珠札西在西藏山南札囊县境雅龙藏布江南岸山上倡建德一做寺庙名。
གླང་ཐང་དགོན།
རབ་བྱུང་གཉིས་པའི་ཆུ་བྱ་ལོ་ལ་དགེ་བཤེས་གླང་རི་ཐང་པས་བཏབ་པའི་དགོན་པ་ལྷ་སའི་བྱང་ཤར་ཕྱོགས་ལྷུན་གྲུབ་རྫོང་ན་ཡོད་པ།
朗唐寺。公元1093 年,朗唐格西在拉萨东北林周县境倡建的一寺庙名。
གློང་ཐང་སྒྲོལ་མ་ལྷ་ཁང་།
སྲོང་བཙན་སྒམ་པོའི་སྐབས་བཏབ་པ་ཁམས་འདན་མ་ས་ཁུལ་དུ་ཡོད་པ་རུ་གནོན་གྱི་གཙུག་ལག་ཁང་བཞིའི་ཡ་གྱལ་ཞིག
陇塘度母寺。七世纪初,藏王松赞干布为镇压古堪舆家所说罗刹女右手掌倡建的寺庙名。地在今四川省甘孜藏族自治州邓柯县境。
དགའ་ལྡན་དགོན་པ།
ལྷ་སའི་ཤར་ཕྱོགས་སྟག་རྩེ་རྫོང་ཁོངས་གཙང་ཆུའི་ལྷོ་རྒྱུད་དབང་བསྐུར་རིའི་ལྡེབས་སུ་ཡོད་པའི་དགེ་ལུགས་དགོན་ཆེན་གྱི་གཙོ་བོ་ཞིག་སྟེ། རབ་བྱུང་བདུན་པའི་ས་གླང་ལོར་ཙོང་ཁ་པ་བློ་བཟང་གྲགས་པས་ཕྱག་བཏབ་ཅིང་། རྒྱལ་ཚབ་དར་མ་རིན་ཆེན་ནས་བཟུང་དགའ་ལྡན་ཁྲི་པ་གདན་རབས་རིམ་བྱོན་གྱིས་འཆད་ཉན་བྱེད་ཡུལ་གྱི་གདན་ས་ཞིག
噶丹寺。格鲁派前藏三大寺之一。在西藏自治区达孜县境拉萨河南岸旺古日山上。公元1409 明永乐七年已丑,宗喀巴-洛桑札巴所倡建,为藏传佛教格鲁派祖庙。旧时宗喀巴的法座继承人噶丹赤巴,即居此寺中。
དགའ་ལྡན་ཕུན་ཚོགས་གླིང་།
བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ཁོངས་ལྷ་རྩེ་རྫོང་གི་དགོན་པ་ཏཱ་ར་ན་ཐས་བཏབ་པ་ཞིག་ཡིན། མིང་རྙིང་པར་རྟག་བརྟན་ཕུན་ཚོགས་གླིང་ཟེར། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བསྒྱུར་ཏེ་མིང་འདི་བཏགས།
噶丹彭错林。西藏自治区日喀则专区拉孜县属一寺名。明代藏族史学家【】【】语学家,藏传佛教觉襄派高僧多罗那他倡建,原名达丹彭错林。五世达赖改今名,为格鲁派寺庙。
དགོན་ལུང་།
མཚོ་སྔོན་ཞིང་ཆེན་ཁོངས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཁུལ་དུ་རབ་བྱུང་བཅུ་པའི་ཤིང་འབྲུག་ལོར་རྒྱལ་སྲས་དོན་ཡོན་ཆོས་ཀྱི་རྒྱ་མཚོས་བཏབ་པ་དང་། ཕྱིས་ཐུའུ་བཀྭན་ཧོ་ཐོག་ཐུའི་བསྟི་གནས་དགོན་པ་ཞིག
佑宁寺。在青海省互助土族自治县境内,公元1604 年,为顿月却吉嘉措所倡建,后为土官呼图克图住持地。
རྒྱལ་ཐང་སྲོང་བཙན་གླིང་།
ཡུན་ནན་ཞིང་ཆེན་གྱི་རྒྱལ་ཐང་རྫོང་དུ་ཡོད་པའི་དགེ་ལུགས་པའི་དགོན་པ་ཞིག
结汤松赞林。汉名归化寺。云南省中甸县的一个黄教寺庙。
༼ ཅ ༽
ཅོ་ནེ་དགོན་ཆེན།
འགྲོ་མགོན་ཆོས་རྒྱལ་འཕགས་པའི་བཀའ་ལྟར་ས་སྐྱ་བའི་བླ་མ་ཞིག་གིས་རབ་བྱུང་ལྔ་པའི་ཤིང་ལུག་ལོར་ད་ལྟ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཅོ་ནེ་རྫོང་དུ་བཏབ་པའི་ས་སྐྱའི་དགོན་ཆེན་ཞིག་སྟེ། རབ་བྱུང་བརྒྱད་པའི་ས་ཡོས་ལོར་ཆོས་རྗེ་རིན་ཆེན་ལྷུན་པོས་དགེ་ལུགས་པའི་དགོན་པར་བསྒྱུར། རབ་བྱུང་བཅུ་གཉིས་པའི་ཤིང་རྟ་ལོར་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་དེར་མཚན་ཉིད་གྲྭ་ཚང་བཙུགས་ཤིང་། ས་བྱ་ལོར་རྒྱུད་གྲྭ་བཙུགས། བར་སྐབས་ཤིག་ལ་བཀའ་བསྟན་འགྱུར་གྱི་དཔར་ཤིང་ཆ་ཚང་བ་ཞིག་བཞེངས་ཡོད།
卓尼寺。在甘肃省甘南藏族自治州卓尼县内。1295年,有萨迦派喇嘛奉大宝法王八思巴之命建立的萨迦派一寺庙。1459年,法主仁钦伦波改为格鲁派寺庙。1714年,卓尼-札巴协珠在寺中首创显乘院辩论佛经。1729年,又创密乘院修学密教,浸成大寺。寺中旧时有佛说部和注疏部藏经木刻版,印刷流行颇广。
༼ ཆ ༽
ཆུ་བཟང་དགོན་པ།
༡ མཚོ་སྔོན་ཞིང་ཆེན་ཁོངས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་དགོན་པ་ཞིག
1)却藏寺。在青海省互助土族自治县境内。
༢ ལྷ་སའི་ཉེ་འགྲམ་སྟོད་ལུང་བདེ་ཆེན་རྫོང་ཁོངས་ཆུ་བཟང་དགོན་པ།
(2)      曲桑衮巴。曲桑寺。在西藏拉萨市附近堆龙德庆县境内。
ཆོས་འཁོར་རྒྱལ་དགོན་པ།
ཏཱ་ལའི་བླ་མ་དགེ་འདུན་རྒྱ་མཚོས་རབ་བྱུང་དགུ་པའི་ས་སྦྲུལ་ལོར་བཏབ་པའི་དགོན་ཆུང་ཞིག  གནས་འདིར་མཚོ་ཞིག་ཡོད་པ་དེ་དཔལ་ལྡན་ལྷ་མོའི་བླ་མཚོར་གྲགས་ཤིང་ཚང་མས་ལྟས་བརྟག་སྲོལ་ཡོད་པ་ཞིག་ཡིན།
顷科杰寺。山南地区桑日县所属寺庙名。第二代达赖喇嘛根敦嘉措于1509明正德四年倡建,寺下有湖,名拉姆喇错,为藏俗观湖景以占卜吉凶之处。
ཆོས་འཁོར་གསུམ།
ལྷ་ས་དང་། བསམ་ཡས། ཁྲ་འབྲུག་གསུམ།
三大古寺:大昭寺,桑耶寺和昌珠寺。
༼ ཇ ༽
ཇོ་ནང་དགོན།
ཇོ་ནང་པའི་དགོན་པ་ཞིག  གཞིས་ཀ་རྩེའི་ནུབ་ཕྱོགས་ཕུན་ཚོགས་གླིང་གི་ཕུར་ཡོད།
觉囊寺。藏传佛教觉囊派主寺。初建于宋代。在日喀则西彭措林山沟尽头处。
འཇང་ཕུ་དགོན།
སྐྱིད་སྨད་འཇང་གི་ཕུ་ལ་ཡོད་པའི་དགོན་པ་ཞིག
绛普寺。去拉萨西南九十里许一寺名。
༼ ཉ ༽
སྙེ་ཐང་བདེ་བ་ཅན།
རབ་བྱུང་གསུམ་པའི་ཤིང་གླང་ལོར་རྒྱ་འཆིང་རུས་པས་བཏབ་པའི་ར་བ་སྟོད་དགོན་པ་ཟེར་བ་དེ་ཡིན།
聂塘极乐寺。公元1205年,为嘉钦如瓦所创建。别名惹堆寺。
༼ ཏ ༽
ཏིང་ཆེན་དགོན་པ།
སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་དགེ་རྫོང་དུ་ཡོད།
地尖寺。在四川省甘孜藏族自治州德格县境内。
སྟག་རྩེ་དགོན།
བོད་རང་སྐྱོང་ལྗོངས་ཀྱི་ཉང་ཁྲི་རྫོང་ཁོངས་ཀྱི་བོན་གྱི་དགོན་པ་ཞིག
达则寺。西藏自治区林芝县一苯教寺庙名。
བསྟན་རྒྱས་གླིང་།
ལྷ་ས་གྲོང་ཁྱེར་ན་ཡོད་པའི་དགོན་རྙིང་ཞིག
丹杰林寺。在拉萨市区。
༼ ཐ ༽
༼ ད ༽
ད་ཚང་དགོན།
སི་ཁྲོན་ཞིང་ཆེན་འབར་ཁམས་རྫོང་གི་ཁོངས། རྗེ་ཙོང་ཁ་པའི་སློབ་མ་ཚ་ཁོ་ངག་དབང་གྲགས་པས་དགོན་པ་བརྒྱ་དང་བརྒྱད་བཏབ་པའི་ཐ་མ་འདི་ཡིན་པས། དགོན་བརྒྱ་རྩ་བརྒྱད་ད་ཚང་སོང་གསུངས་ནས་ད་ཚང་དུ་མིང་ཆགས།
达仓寺。四川省马尔康县境一寺庙名。宗喀巴弟子擦科-阿旺札巴发源修建百零八寺之最末寺庙。当落成时,人谓“现已足数”,故称“达仓”。
དན་ཏིག
མཚོ་སྔོན་ཞིང་ཆེན་ཧྭ་ལུང་རྫོང་ན་ཡོད་པའི་གྲུབ་པའི་གནས་ཆེན་ཞིག  གླང་དར་མས་བསྟན་པ་བསྣུབས་པའི་རྗེས་སུ་བོད་ཀྱི་མཁས་པ་མི་གསུམ་མདོ་སྨད་དུ་བྲོས་ནས་གནས་འདིར་ཡུན་རིང་བཞུགས་པ་དང་། མཁས་པ་གསུམ་ལས་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས། བླ་ཆེན་གྱིས་དབུས་གཙང་གི་མི་བཅུ་ལ་སོ་ཐར་གྱི་སྡོམ་རྒྱུན་སྤེལ་བ་ལ་བརྟེན་བསྟན་པ་ཕྱི་དར་དུས་སུ་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་ཞེས་པའི་གྲགས་པ་དོན་དང་ལྡན་པ་དེ་དན་ཏིག་གི་གནས་འདི་ནས་བྱུང་བ་ཡིན། སི་ཏུའི་བཀའ་འགྱུར་དཀར་ཆག་ཏུ་ལེགས་སྦྱར་ལྟར་དནྟིག་ཅེས་བྲིས་ཡོད།
旦迪寺。在青海省化隆县。朗达玛灭法后,西藏高僧三人逃至青海长住旦迪。贡巴饶色从三僧受近圆戒,并于此寺给卫,藏十人传授别解脱戒。史载后宏期佛教余烬复燃于康青,盖自此地始。
བདེ་ཆེན་གླིང་།
ཡུན་ནན་ཞིང་ཆེན་གྱི་འཇོལ་རྫོང་ཁོངས་སུ་ཡོད་པའི་དགེ་ལུགས་པའི་དགོན་པ་ཞིག
迪庆寺。云南省德钦县境内一格鲁派寺庙名。
རྡོ་གྲུབ་ཆེན་དགོན་པ།
གྲུབ་ཆེན་དགོན་གྱི་གདན་སའི་ཐོག་མར་ཡར་ལུང་པདྨ་བཀོད་ཅེས་པ་ཁམས་ཀྱི་བྱང་ཝ་ཤུལ་གསེར་ཐའི་སྟོད་ཡར་ལུང་གི་ས་ཆར་རབ་བྱུང་བཅུ་བཞི་པའི་ལྕགས་རྟ་ལོར། རྡོ་གྲུབ་ཆེན་འཇིགས་མེད་ཕྲིེན་ལས་འོད་ཟེར་གྱིས་ཕྱག་བཏབ།
-知钦寺。由藏族高僧多-知钦吉美逞利兀色于1810年倡建于康区北部瓦述色达境内上堆龙地方,名雅隆莲花庄严寺。
སྡེ་དགེ་དགོན་ཆེན།
ཁམས་སྡེ་དགེ་དགོན་ཆེན་དཔལ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཞེས་པ་རབ་བྱུང་བརྒྱད་པའི་ས་འབྲུག་ལོར། གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཕྱག་བཏབ། སྡེ་དགེ་དཔོན་པོ་རིམ་བྱོན་རྣམས་ཀྱིས་མཆོད་གནས་སུ་གྱུར་ཅིང་། པར་ཁང་ཆེན་མོ་སོགས་རིག་གནས་ཀྱི་ཤུལ་བཞག་ཆེན་པོ་ཡོད་པའི་ས་སྐྱའི་དགོན་པ་གྲགས་ཅན་ཞིག
德格更庆寺。全名德格更庆-吉祥天成上经院。萨迦派一著名寺庙名。公元1448年为藏族高僧唐东杰波所倡建,成为历代德格土司供施之处,有大印经院等重要文化古迹。
གནས་ཆུང་དགོན།
གནས་ཆུང་སྒྲ་དབྱངས་གླིང་སྟེ། སྔར་བོད་ས་གནས་སྲིད་གཞུང་གི་སྲུང་མ་གཙོ་བོ་ཆོས་སྐྱོང་རྡེ་རྗེ་གྲགས་ལྡན་གནས་སའི་དགོན་པ་དེའོ།
乃穹寺。原西藏地方政府供奉主要护法神金刚称护法的寺庙名。地在拉萨哲蚌寺山下。
སྣང་ཞིག་དགོན།
སི་ཁྲོན་ཞིང་ཆེན་ཁོངས་རྔ་བ་རྫོང་གི་བོན་དགོན་ཆེ་གྲས་ཤིག
朗习寺。四川省阿坝县境一苯教寺庙名。
༼ པ ༽
པོ་ཏ་ལའི་ཕོ་བྲང་དཀར་པོ།
རང་བྱུང་བཅུ་གཅིག་པའི་ཤིང་བྱ་ལོ་ལ་བཞེངས་འགོ་བཙུགས་ནས་རབ་བྱུང་དེའི་ས་བྱི་ལོ་ལ་གྲུབ།
布达拉宫。公元1645年动工,至1648年建成的布达拉宫白墙部分。