གྲོང་བརྡལ་དང་གྲོང་ཁྱེར།



༼ ཀ ༽
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ།
ཀན་སུའུ་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཡོད་པའི་བོད་རིགས་རང་སྐྱོང་ཁུལ་ཞིག་སྟེ། ༡༩༥༣ ལོར་བཙུགས། དེའི་ཁོངས་སུ་ཞ་ཧོ་རྫོང་། རྨ་ཆུ་རྫོང་། ཀླུ་ཆུ་རྫོང་། ཅོ་ནེ་རྫོང་། ཐེ་བོ་རྫོང་། འབྲུག་ཆུ་རྫོང་། ལིན་ཐན་རྫོང་སྟེ་རྫོང་ཁག་བདུན་ཡོད་ཅིང་། བོད། རྒྱ། ཧུས། ས་ལར། སོག་པོ་སོགས་མི་རིགས་ཁ་ཤས་ཡོད། རང་སྐྱོང་ཁུལ་གྱི་མི་དམངས་སྲིད་གཞུང་གནས་ས་དེ་གཙོས་གྲོང་ཁྱེར་ཡིན།
甘南藏族自治州。1953 年建立,位于甘肃南部。辖夏河,玛曲,碌曲,卓尼,迭部,舟曲,临潭等七县,居民有藏,汉,回,撒拉,蒙古等族。州人民政府驻合作市。

ཀོང་པོ་རྒྱ་མདའ།
1རྫོང་ཞིག བོད་རང་སྐྱོང་ལྗོངས་ཀྱི་ཀོང་ཡུལ་ཉང་ཆུའི་སྟོད་རྒྱུད་དུ་ཡོད། དེང་སྐབས་རྫོང་མི་དམངས་སྲིད་གཞུང་དེ་ང་ཕོད་ཟམ་ཁར་ཡོད།   
工布江达。县名。 在西藏自治区工布尼洋河上游,县人民政府驻阿沛桥。
2གྲོང་ཞིག
བོད་རང་སྐྱོང་ལྗོངས་ཀྱི་ཀོང་ཡུལ་ཉང་ཆུ་དང་སྤྱི་མདའ་ཕྱོགས་ནས་འབབ་པའི་ཆུ་གཉིས་འཛོམས་སའི་ལུང་པ་སུམ་མདོར་ཡོད།
太昭。工布江达一村名。在西藏自治区工布尼洋河和从金达流来的河水汇合处,旧为太昭县治。
ཀླུ་ཆུ།
1རྫོང་ཞིག ཀན་སུའུ་ཞིང་ཆེན་ཁོངས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་དང་ཀླུ་ཆུའི་སྟོད་རྒྱུད་དུ་ཡོད།
碌曲。县名。在甘肃省甘南藏族自治州西部洮河上游。(2རྨ་ཆུའི་སྟོད་རྒྱུད་ཀྱི་ཡན་ལག་ཅིག ཀན་སུའུ་ཞིང་ཆེན་གྱི་ལྷོ་ནུབ་ཕྱོགས་ན་ཡོད།
洮河。黄河上游支流,在甘肃省西南部。
དཀར་མཛེས་བོད་རིགས་རང་སྐྱོང་རང་སྐྱོང་ཁུལ།
སི་ཁྲོན་ཞིང་ཆེན་ཁོངས་ཀྱི་ནུབ་རྒྱུད་དུ་ཡོད། ༡༩༥༠ ལོའི་ཟླ་བ་ ༡༢ ཚེས་ ༢༥ ཉིན་ཤིས་ཁམས་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་བཙུགས་ཤིང་། ༡༩༥༥ ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བསྒྱུར། དེའི་ཁོངས་སུ་རྫོང་བཅོ་བརྒྱད་ཡོད་པ་དེ།
༡ དར་མདོ་རྫོང་། ༢ བྲག་མགོ་རྫོང་།  ༣ དཀར་མཛེས་རྫོང་། ༤ ཉག་རོང་། ༥ དཔལ་ཡུལ་རྫོང་། ༦ སྡེ་དགེ་རྫོང་། ༧ སེར་ཤུལ། ༨ གསེར་ཐང་རྫོང་། ༩ ལྕགས་ཟམ་རྫོང་། ༡༠ རོང་བྲག་རྫོང་།  ༡༡ བརྒྱད་ཟུར་རྫོང་། ༡༢ ཉག་ཆུ་རྫོང་། ༡༣ རྟའུ་རྫོང་། ༡༤ ལིང་ཐང་རྫོང་། ༡༥ ཕྲག་ཕྲེང་རྫོང་། ༡༦ འདབ་པ་རྫོང་། ༡༧ འབའ་ཐང་རྫོང་། ༡༨ སྡེ་རོང་རྫོང་བཅས་བཅོད་བརྒྱད་ཡོད། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དེ་དར་མདོ་ལ་ཡོད།
甘孜藏族自治州。 地处四川省西部,19501225日建立西康省藏族自治区,1955年改为甘孜藏族自治州。1 辖康定,2 炉霍,3甘孜,4新龙,5 白玉,6 德格,7 石渠,8 色达,9 泸定,10 丹巴,11 九龙,12 雅江,13 道孚,14 理塘,15 乡城,16 稻城,17 巴塘,18 得荣等十八县。自治州人民政府驻康定。
བཀྲ་ཤིས་གླིང་།
ས་ཆ་ཞིག སི་ཁྲོན་ཞིང་ཆེན་ཁོངས་རྔ་བ་བོར་རིགས་རང་སྐྱོང་ཁུལ་གྱི་ལྷོ་རྒྱུད་དུ་ཡོད། ད་ལྟ་ལི་ཞན་རྫོང་མི་དམངས་སྲིད་གཞུང་གི་གནས་ཡུལ་ཡིན།
扎西林。地名。在四川省阿坝藏族自治州南部。现为理县人民政府驻地。
བཀྲ་ཤིས་སྒོ་མང་།
འབྲས་སྤུངས་སྒོ་མང་གྲྭ་ཚང་། བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་མིང་།
果芒札仓。拉萨哲蚌寺内一僧院名。甘肃拉卜楞寺正名。
བཀྲ་ཤིས་ལྷུན་པོ།
གཙང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་ཆེན་ཞིག་སྟེ། རབ་བྱུང་བརྒྱད་པའི་མེ་ཡོས་ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཀྱིས་བཏབ་ཅིང་། རྗེ་བློ་བཟང་ཆོས་རྒྱན་ནས་བཟུང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཞིག་ཡིན།
札什伦布寺。后藏最大的格鲁派寺庙,在日喀则郊区,公元1447明正统十二年丁卯,第一代达赖喇嘛根敦珠所创建,自班禅洛桑却坚以后,即为历代班禅尔德尼驻锡之所。
རྐ་འབའ་སུམ་མདོ།
ས་མིང་ཞིག  ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོར་རིགས་རང་སྐྱོང་ཁུལ་གྱི་ཁོངས་ཐུང་ཏེ་རྫོང་མི་དམངས་སྲིད་གཞུང་གནས་ཡུལ་ཡིན།
尕巴松都。地名。现为青海省海南藏族自治州同德县人民政府驻地。
སྐྱིད་རོང་།
བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་ངོས་སུ་ཡོད་ཅིང་། རྫོང་འདིའི་ལྷོ་ངོས་བལ་ཡུལ་དང་ས་འབྲེལ། རྫོང་མི་དམངས་སྲིད་གཞུང་དེ་རྫོང་དགའ་རུ་ཡོད།
吉隆。县名。在西藏自治区的西南部,该县南面与尼伯尔接壤,县人民政府驻宗嘎。
སྐྱེ་རྒུ་མདོ།
མཚོ་སྔོན་ཞིང་ཆེན་གྱི་ལྷོ་ངོས་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་ལྷོ་འགྲམ་དུ་ཡོད་པའི་གྲོང་རྡལ་དེ་ད་ལྟ་མཚོ་སྔོན་ཞིང་ཆེན་ཁོངས་ཡུས་ཧྲུའུ་རྫོང་གཉིས་ཀྱི་མི་དམངས་སྲིད་གཞུང་གནས་ཡུལ་ཡིན།
结古,结古多。位于青海省南部,长江上游南岸的一城镇名,现为青海省玉树藏族自治州和玉树县人民政府驻地。
༼ ཁ ༽
ཁང་དམར།
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་རྒྱལ་རྩེ་དང་གྲོ་མོའི་བར་དུ་ཡོད། རྫོང་འདིའི་ལྷོ་ངོས་འབྲུག་ཡུལ་དང་ས་འབྲེལ་ཡིན།
康马。县名。在西藏自治区南部江孜与亚东之间,南与不丹接壤。
ཁྲི་འདུ།
རྫོང་ཞིག  མཚོ་སྔོན་ཞིང་ཆེན་ཁོངས་སྐྱེ་རྒུ་མདོ་སྟེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་རྒྱུད་དང་བ་ཡན་ཧ་རིའི་ལྷོ་ཕྱོགས་སུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་གྲུ་ཆུང་དུ་ཡོད།
称多。县名。在青海省玉树藏族自治州东部,巴颜喀拉山南麓,县人民政府驻周均。
ཁྲོ་སྐྱབས།
སི་ཁྲོན་ཞིང་ཆེན་ཁོངས་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲོ་ཆུ་རྫོང་གི་མིང་རྙིང་།
绰斯甲。四川省阿坝藏族自治州黑水县旧名。
ཁྲོ་ཆུ། རྫོང་ཞིག  སི་ཁྲོན་ཞིང་ཆེན་ཁོངས་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་དབུས་ཁུལ་དང་ཁྲོ་ཆུའི་ལྷོ་འགྲམ་དུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་རྡོ་ཁ་རུ་ཡོད།
黑水。县名。在四川省阿坝藏族自治州中部,黑水河南岸,县人民政府驻芦花镇。
༼ ག ༽
གོ་འཇོ།
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ཤར་རྒྱུད་དང་འབྲི་ཆུའི་ནུབ་འགྲམ་དུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་ཨ་དཀར་དུ་ཡོད།
贡觉。元,明时译滚卓克宗。县名。在西藏自治区东部,金沙江西岸,县人民政府驻阿卡。
གོང་དཀར།
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ཡར་ཀླུངས་གཙང་པོའི་རྐེད་རྒྱུད་དང་། ཡར་འབྲོག་གཡུ་མཚོའི་བྱང་ངོས་སུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་རྭ་སྨད་དུ་ཡོད།
贡嘎。县名。明时译作公哥儿寨。在西藏自治区雅龙藏布江中游,羊卓雍湖北面。县人民政府驻腊麦。
གྲ་ནང་།
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་དང་ཡར་ཀླུངས་གཙང་པོའི་སྐེད་རྒྱུད་ན་ཡོད། རྫོང་མི་དམངས་སྲིད་གཞུང་དེ་གྲ་ཐང་དུ་ཡོད།
扎囊。县名。在西藏自治区南部,雅龙藏布江中游,县人民政府驻扎唐。
གྲོ་མོ།
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་ན་ཡོད། འདིའི་ཤར་ངོས་འབྲུག་ཡུལ་དང་ནུབ་ངོས་འབྲས་ལྗོངས་དང་ས་འབྲེལ་ཡིན། རྫོང་མི་དམངས་སྲིད་གཞུང་དེ་ཤར་གསིང་མར་ཡོད།
亚东,卓木。唐代译作卓摩。县名。在西藏自治区南部,该县东面是不丹,西面与锡金为邻。县人民政府驻下司马。
མགོ་ལོག་བོད་རིགས་རང་སྐྱོང་ཁུལ།
མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་ཤར་ལྷོ་རྒྱུད་དུ་ཡོད། ༡༩༥༤ ལོར་རང་སྐྱོང་ལྗོངས་བཙུགས་ཤིང་། ༡༩༥༥ ལོར་རང་སྐྱོང་ཁུལ་དུ་བསྒྱུར། དེའི་ཁོངས་སུ་གཅིག་སྒྲིལ་དང་། རྨ་སྟོད། རྨ་ཆེན། དགའ་བདེ། པད་མ། དར་ལག་བཅས་རྫོང་དྲུག་ཡོད། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དེ་རྨ་ཆེན་རྫོང་དུ་ཡོད།
果洛藏族自治州。地在青海省东南部。1954 年建立自治区,1955 年改称自治州。辖久治,玛多,玛沁,甘德,班玛,达日等六县。自治州人民政府驻玛沁县。
རྒྱ་ཚ།
རྫོང་ཞིག   བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་ཁུལ་ཡར་ཀླུངས་གཙང་པོའི་ཆུ་རྒྱུད་དུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་བྲུམ་པར་ཡོད།
རྒྱལ་ཐང་།
རྫོང་ཞིག  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ཡོད། ཤར་དང་། ལྷོ། ནུབ་བཅས་ངོས་གསུམ་དུ་འབྲི་ཆུས་བསྐོར་ནས་ཡོད་ཅིང་། རྫོང་མི་དམངས་སྲིད་གཞུང་དེ་རྒྱལ་ཐང་སྟེང་དུ་ཡོད།
中甸。县名。在云南省迪庆藏族自治州。金沙江三面环绕,县人民政府驻中心镇。
རྒྱལ་རྩེ་རྫོང་།
བོད་རང་སྐྱོང་ལྗོངས་ཀྱི་གཞིས་ཀ་རྩེ་ས་ཁུལ་ཁོངས་མྱང་ཆུ་སྟོད་རྒྱུད་ཀྱི་རྫོང་ཞིག་སྟེ། ༡༩༠༤ ལོར་བོད་མི་དམངས་ཀྱིས་དབྱིན་ཇིའི་བཙན་འཛུལ་འགོག་པའི་དམག་འཐབ་བྱེད་ས་རྫོང་རི་ཞེས་པ་འདིར་ཡོད།
江孜。西藏自治区日喀则地区辖县,在年楚河上游。公元1904 年,西藏人民抗击英帝侵略军,有名的战场宗山,即在此处。
སྒེར་རྩེ།
རྫོང་ཞིག   བོད་རང་སྐྱོང་ལྗོངས་ཀྱི་ནུབ་བྱང་ངོས་སུ་ཡོད་ཅིང་། བྱང་རྒྱུད་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་འབྲེལ་ནས་ཡོད། རྫོང་མི་དམངས་སྲིད་གཞུང་དེ་ལུ་མ་རིང་པོར་ཡོད།
改则。县名。在西藏自治区西北部,北部与新疆维吾尔自治区相邻,县人民政府驻鲁玛仁波。
བརྒྱད་ཟིལ།
རྫོང་ཞིག  སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ངོས་སུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་དཀར་པར་ཡོད།
九龙。县名。在四川省甘孜藏族自治州南部。县人民政府驻呷尔坝。
༼ ང་ ༽
ངམ་རིང་།
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དང་མདོག་གཞུང་གཙང་པོའི་ཆུ་རྒྱུད་དུ་ཡོད། ཡར་ཀླུངས་གཙང་པོ་རྫོང་འདིའི་ནུབ་རྒྱུད་ནས་ཤར་དུ་འབབ།
昂仁。县名。在西藏自治区西部多雄藏布江流域,雅龙藏布江在该县西南部横穿而过。
རྔ་བ་བོད་རིགས་རང་སྐྱོང་ཁུལ།
སི་ཁྲོན་ཞིང་ཆེན་ཁོངས་ཀྱི་ནུབ་བྱང་རྒྱུད་དུ་ཡོད། ༡༩༥༣ ལོར་སི་ཁྲོན་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་བཙུགས་ཤིང་། ༡༩༥༥ ལོར་རྔ་བ་བོད་རིགས་རང་སྐྱོང་ཁུལ་དུ་བསྒྱུར། དེའི་ཁོངས་སུ་འབར་ཁམས་དང་། རྔ་བ། མཛོད་དགེ། ཁྲོ་ཆུ། ཟུང་ཆུ། བཙན་ལྷ། ཆུ་ཆེན། ཛམ་ཐང་། ཧུང་ཡོན། ནན་ཕིང་། ལི་ཞན། ཝུན་ཁྲོན་བཅས་རྫོང་ཁག་བཅུ་གཉིས་དང་མའོ་ཝུན་ཆའང་རིགས་རང་སྐྱོང་རྫོང་བཅས་ཡོད། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དེ་འབར་ཁམས་སུ་ཡོད།
阿坝藏族自治州。地在四川省西北部。1953年建立四川省藏族自治区,1955年改称阿坝藏族自治州。辖马尔康,阿坝,若尔盖,黑水,松潘,小金,金川,壤塘,红原,南坪,理县,汶川及茂汶羌族自治县。自治州人民政府驻马尔康。
༼ ཅ ༽
ཅོ་ནེ།
རྫོང་ཞིག  ཀན་སུའུ་ཞིང་ཆེན་ཁོངས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དབུས་དང་ཀླུ་ཆུའི་སྟོད་རྒྱུད་དུ་ཡོད།
卓尼。县名,在甘肃省甘南藏族自治州中部,洮河上游。
གཅན་ཚ།
རྫོང་ཞིག  མཚོ་སྔོན་ཞིང་ཆེན་ཁོངས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་རྒྱུད་དང་རྨ་ཆུའི་ལྷོ་འགྲམ་དུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་མ་གི་ཐང་དུ་ཡོད།
尖扎。县名,在青海省黄南藏族自治州北部,黄河南岸。县人民政府驻马克唐。
གཅིག་སྒྲིལ།
རྫོང་ཞིག  མཚོ་སྔོན་ཞིང་ཆེན་ཁོངས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་ངོས་སུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་དྲུག་ཆེན་སུམ་མདོར་ཡོད།
久治。县名,在青海省果洛藏族自治州东南部。县人民政府驻智清松多。
ལྕགས་ཟམ་ཁ།
རྫོང་ཞིག  སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ངོས་དང་རྒྱལ་རོང་རྒྱལ་མོའི་རྔུལ་ཆུའི་ཤར་འགྲམ་དུ་ཡོད།
泸定。县名,在四川省甘孜藏族自治州东部,大渡河东岸。
༼ ཆ ༽
ཆབ་མདོ།
ས་ཁུལ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ཤར་རྒྱུད་ན་ཡོད་པའི་ས་ཁུལ་དེ་དང་སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན། མཚོ་སྔོན་ཞིང་ཆེན་བཅས་འབྲེལ་ནས་ཡོད། ཁུལ་འདིར་འབྲི་ཆུ་དང་། ཟླ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཆུ་བོ་ཆེན་པོ་གསུམ་བྱང་ནས་ལྷོར་འབབ་ཅིང་། ས་ཁུལ་དེའི་ཁོངས་སུ་ཆབ་མདོ་དང་། གོ་འཇོ། སྟེང་ཆེན། མཛོ་སྒང་། དཔལ་འབར། བྲག་གཡབ། འཇོ་མདའ། དཔལ་ཤོད། རྫ་ཡུལ། སྤོ་མེས། ལྷོ་རོང་། རི་བོ་ཆེ། སྨར་ཁམས་བཅས་རྫོང་ཁག་བཅུ་གསུམ་ཡོད། ས་ཁུལ་གྱི་སྤྱི་ཁྱབ་ལས་ཁུངས་དེ་ཆབ་མདོར་ཡོད།
昌都。地区名。在西藏自治区东部,与四川省,云南省,青海省为邻,金沙江,澜沧江,怒江等三条大江,由北向南流经其境。辖昌都,贡觉,丁青,左贡,边坝,察雅,江达,八宿,察隅,波密,洛隆,类乌齐,芒康等十三个县,地区领导机关驻昌都。
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ཤར་རྒྱུད་དུ་ཡོད་ཅིང་། ཟླ་ཆུ་དང་ངོམ་ཆུ་འཛོམས་སར་ཆགས་ཡོད།
昌都。旧译察木多。县名。在西藏自治区东部,澜沧江河昂曲河在此处汇合。
ཆུ་ཆེན།
རྫོང་ཞིག  སི་ཁྲོན་ཞིང་ཆེན་ཁོངས་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་ཕྱོགས་དང་ཆུ་ཆེན་ཆུའི་ནུབ་འགྲམ་ན་ཡོད། རྫོང་མི་དམངས་སྲིད་གཞུང་དེ་དཔའ་དབང་དུ་ཡོད།
金川。县名。在四川省阿坝藏族自治州西南部,大金川西岸,县人民政府驻大巴旺。
ཆུ་དམར་ལེབ།
རྫོང་ཞིག  མཚོ་སྔོན་ཞིང་ཆེན་ཁོངས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་རྒྱུད་དུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་སེར་པོ་ལུང་པར་ཡོད།
曲玛莱。县名。在青海省玉树藏族自治州北部。县人民政府驻色吾沟。
ཆུ་བཞི་སྒང་དྲུག
འབྲི་ཆུ། རྨ་ཆུ། རྒྱལ་མོ་རྔུལ་ཆུ། ཟླ་ཆུ་སྟེ་ཆུ་བཞི་དང་། ཟལ་མོ་སྒང་། ཚ་བ་སྒང་། སྨར་ཁམས་སྒང་། སྤོ་འབོར་སྒང་། དམར་རྫ་སྒང་། མི་ཉག་རབ་སྒང་སྟེ་སྒང་དྲུག
四水六冈。古代藏文典籍中对青康地区的总称。包括金沙江,黄河,怒江,澜沧江等四大河流上游和色莫冈,擦瓦冈,玛康冈,绷波冈,马杂冈,木雅热冈等六大高地。
ཆུ་ཤུར།
རྫོང་ཞིག   བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་གྱི་ལྷོ་ནུབ་ངོས་སྐྱིད་ཆུ་དང་ཡར་ཀླུངས་གཙང་པོ་གཉིས་འཛོམས་ས་དེར་ཡོད་ཅིང་། རྫོང་མི་དམངས་སྲིད་གཞུང་དེ་ཞོལ་གྲོང་དུ་ཡོད།
曲水。旧名卓可营子。县名。在西藏自治区拉萨市西南,拉萨河合雅鲁藏布江在境内汇合。县人民政府驻雪村。
ཆུ་གསུམ།
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་དང་ཡར་ཀླུངས་གཙང་པོའི་ལྷོ་ངོས་སུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་ཨེ་ལྷ་རྒྱ་རི་རུ་ཡོད།
曲松。县名。原名拉加里,在西藏自治区南部雅鲁藏布江南岸,县人民政府驻拉加里。
༼ ཇ ༽
འཇོ་མདའ།
སྡེ་དགེ་འཇོ་མདའ་སྟེ་རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་བྱང་ཤར་ངོས་དང་འབྲི་ཆུའི་ནུབ་འགྲམ་ལ་ཆགས་ཡོད།
江达。即德格江达。县名。在西藏自治区东北隅,金沙江西岸。
འཇོལ།
ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཁོངས་ཀྱི་རྫོང་ཞིག  རང་སྐྱོང་ཁུལ་འདིའི་བྱང་རྒྱུད་དུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་ཀའོ་ཧྥེང་ཀུང་ཧྲེ་རུ་ཡོད།
德钦。藏音译作居。云南省迪庆藏族自治州属县名,在该州北部。县人民政府驻高峰公社。
༼ ཉ ༽
ཉག་ཆུ་ཁ།
རྫོང་ཞིག  སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དབུས་ཁུལ་དུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་སྤུན་ཟླ་གྲོང་དུ་ཡོད།
雅江。县名。在四川省甘孜藏族自治州中部。县人民政府驻本达宗。
ཉག་རོང་།
རྫོང་ཞིག  སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དབུས་ཁུལ་དང་ཉག་ཆུའི་ཆུ་རྒྱུད་དུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་བར་ཤོག་ན་ཡོད།
新龙。县名。在四川省甘孜藏族自治州中部,雅砻江流域西岸。县人民政府驻巴伙。
ཉང་ཁྲི།
རྫོང་ཞིག  ཉིང་ཁྲིའང་ཟེར། བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་གྱི་ཤར་ངོས་ཉང་ཆུའི་སྨད་རྒྱུད་ན་ཡོད།
林芝。旧译尼池。县名。在西藏自治区拉萨市东面尼洋河的下游一带。
གཉའ་ནང་།
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དུ་ཡོད། འདིའི་ལྷོ་ངོས་བལ་པོ་དང་ས་འབྲེལ་ཡིན། རྫོང་མི་དམངས་སྲིད་གཞུང་དེ་ཚོང་འདུས་སུ་ཡོད།
聂拉木。旧译聂朗。县名。在西藏自治区西南部,南面与尼泊尔接壤,县人民政府驻充堆。
སྙན་རོང་།
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་བྱང་ངོས་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་ཤག་ཆུའི་ཆུ་རྒྱུད་དུ་ཡོད་ཅིང་། རྫོང་མི་དམངས་སྲིད་གཞུང་དེ་སེར་ཁང་དུ་ཡོད།
聂荣。县名。在西藏自治区北部怒江上游下曲河流域。县人民政府驻色贡。
༼ ཏ ༽
གཏིང་སྐྱེས།
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་ན་ཡོད། རྫོང་དེའི་ལྷོ་ངོས་བལ་པོ་དང་ས་འབྲེལ་དང་ཤར་ལྷོ་འབྲས་ལྗོངས་དང་ས་འབྲེལ་ཡིན།
定结。县名。在西藏自治区德南部,该县南部和尼泊尔相邻,东南方与锡金接壤。
རྟའུ།
རྫོང་ཞིག  སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དབུས་ཁུལ་དང་། ཉག་ཆུའི་སྟོད་རྒྱུད་དུ་ཡོད།
道孚。县名。在四川省甘孜藏族自治州中部,雅砻江支流鲜水河上游。
སྟག་རྩེ།
རྫོང་ཞིོག  བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་གྱི་ཤར་ངོས་སྐྱིད་ཆུའི་འགྲམ་དུ་ཡོད་ཅིང་། རྫོང་མི་དམངས་སྲིད་གཞུང་དེ་བདེ་ཆེན་དུ་ཡོད།
达孜。县名。在西藏自治区拉萨市的东面拉萨河沿岸。县人民政府驻德庆。
སྟེང་ཆེན།
ཁྱུང་པོ་སྟེང་ཆེན་ཏེ་རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ཤར་བྱང་ངོས་དང་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་རྒྱ་མོ་ཐང་དུ་ཡོད།
丁青。县名。又名穷布丁青。在西藏自治区的东北部和怒江的上游,县人民政府驻加莫塘。
སྟོད་ལུང་བདེ་ཆེན།
རྫོང་ཞིག   བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་གྱི་ནུབ་བྱང་སྟོད་ལུང་ཆུ་རྒྱུད་དུ་ཆགས་ཡོད། རྫོང་མི་དམངས་སྲིད་གཞུང་དེ་ནམ་མཁའ་དངོས་གཞི་རུ་ཡོད།
堆龙德庆。县名。在西藏自治区拉萨市的西北面堆龙河流域。县人民政府驻朗卡欧协。
༼ ཐ ༽
ཐེ་བོ།
རྫོང་ཞིག  ཀན་སུའུ་ཞིང་ཆེན་ཁོངས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་དང་ཀླུ་ཆུའི་སྟོད་རྒྱུད་དང་འབྲུག་དཀར་གཙང་པོའི་སྟོད་རྒྱུད་ཀྱི་འགྲམ་དུ་ཡོད།
迭部。县名。在甘肃省甘南藏族自治州南部,白龙江上游。
ཐེན་ཀྲུའུ།
ཀན་སུའུ་ཞིང་ཆེན་ཁོངས་བོད་རིགས་རང་སྐྱོང་རྫོང་ཞིག  ༡༩༥༠ ལོའི་ཟླ་ ༥ ཚེས་ ༦ ལ་ཐེན་ཀྲུའུ་རང་སྐྱོང་ས་ཁུལ་བཙུགས། ༡༩༥༤ ལོར་ཐེན་ཀྲུའུ་བོད་རིགས་རང་སྐྱོང་ས་ཁུལ་དུ་བསྒྱུར། ༡༩༥༥ ལོར་རང་སྐྱོང་རྫོང་དུ་བསྒྱུར། རྫོང་མི་དམངས་སྲིད་གཞུང་ཨན་ཡོན་ཀྲེན་དུ་ཡོད། སྡོད་མཁན་མི་རིགས་བོད་དང་། རྒྱ། ཧོར། ཁ་ཆེ། སོག་པོ་སོགས་ཡོད།
天祝。甘肃省所属一藏族自治县名。195056日建立天祝自治区,1954年改为天祝藏族自治区,1955年改为自治县。县人民政府驻安运镇。居民有藏,汉,土,回,蒙古等族。
ཐེམ་རྫོང་།
རྫོང་དེ་མཚོ་སྔོན་ཞིང་ཆེན་ཁོངས་མཚོ་ནུབ་སོག་རིགས་དང་བོད་རིགས་དང་ཧ་སག་རིགས་གསུམ་གྱི་རང་སྐྱོང་ཁུལ་གྱི་ཤར་རྒྱུད་དང་མཚོ་སྔོན་པོའི་ནུབ་འགྲམ་དུ་ཡོད།
天峻。县名。在青海省海西蒙古族藏族哈萨克族自治州东部,青海湖西畔。
༼ ད ༽
དིང་རི།
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ནུབ་ཕྱོགས་ངོས་སུ་ཡོད། འདིའི་ལྷོ་རྒྱུད་བལ་པོ་དང་ས་འབྲེལ་ཡིན་ཞིང་། རྫོང་མི་དམངས་སྲིད་གཞུང་དེ་ཤེལ་དཀར་དུ་ཡོད།
定日。县名。在西藏自治区西南部,南与尼泊尔接壤,县人民政府驻协嘎尔。
བདེ་ཆེན།
ཡུན་ནན་ཞིང་ཆེན་ཁོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་ཞིག  ཞིང་ཆེན་འདིའི་ནུབ་བྱང་ཕྱོགས་སུ་ཡོད། ཁུལ་འདི་དང་བོད་རང་སྐྱོང་ལྗོངས། སི་ཁྲོན་ཞིང་ཆེན་བཅས་ས་ཆ་འདབས་འབྲེལ་ཡིན། གཞོགས་ཤར་དུ་འབྲི་ཆུ་དང་ནུབ་ཏུ་ཟླ་ཆུ་འབབ། ཁུལ་དེའི་ཁོངས་སུ་འཇོལ་དང་འབའ་ལུང་། རྒྱལ་ཐང་བཅས་རྫོང་ཁག་གསུམ་ཡོད་ཅིང་། ཁུལ་མི་དམངས་སྲིད་གཞུང་དེ་རྒྱལ་ཐང་དུ་ཡོད།
迪庆。云南省属藏族自治州名。在云南省西北部,邻接西藏自治区和四川省,下属德钦,维西,中甸三县。金沙江和澜沧江纵贯东西两翼,州人民政府驻中甸。
འདབ་པ།
རྫོང་ཞིག  སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ངོས་སུ་ཡོད།
稻城。县名。在四川省甘孜藏族自治州南部。
འདམ་གཞུང་།
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་བྱང་ངོས་སུ་ཡོད་ཅིང་། རྫོང་མི་དམངས་སྲིད་གཞུང་དེ་འདམ་ཆུ་ཁ་རུ་ཡོད།
当雄。旧译达木。县名。在西藏自治区拉萨市北,县人民政府驻当曲卡。
རྡི་རིང་རྫོང་།
གྲོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་མཚོ་སྣ་རྫོང་ཁོངས་མོན་ཡུལ་དུ་ཡོད།
德让宗。西藏自治区错那县辖门隅地区一村名。
རྡོ་རྔ་རོང་།
གྲོང་རྡལ་ཞིག  ཡུན་ནན་ཞིང་ཆེན་གྱི་ས་དམ་འཇང་རིགས་རང་སྐྱོང་རྫོང་གི་ནུབ་རྒྱུད་འབྲི་ཆུའི་འགྲམ་དུ་ཡོད། གྲོང་རྡལ་འདིའི་འགྲམ་དུ་གྲུ་ཁ་ཞིག་ཡོད།
石鼓。云南省丽江纳西族自治县西部金沙江畔一镇名。镇旁为一渡口。
སྡེ་དགེ།
སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་ངོས་དང་འབྲི་ཆུའི་ཤར་འགྲམ་ན་ཡོད་པའི་རྫོང་ཞིག  རྫོང་མི་དམངས་སྲིད་གཞུང་དེ་དགོན་ཆེན་ན་ཡོད།
德格。县名。在四川省甘孜藏族自治州西北部,金沙江东岸。县人民政府驻更庆。
སྡེ་རོང་།
རྫོང་ཞིག  སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་ངོས་དང་འབྲི་ཆུའི་ཤར་འགྲམ་དུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་སང་སྨད་དུ་ཡོད།
得荣。县名。在四川省甘孜藏族自治州西南部,金沙江东岸,县人民政府驻松麦。
ནག་ཆུ།
༡ རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་ལྷ་སའི་བྱང་ཤར་ངོས་ན་ཡོད། རྫོང་མི་དམངས་སྲིད་གཞུང་དེ་བྱང་ནག་ཆུ་ཁ་རུ་ཡོད།
那曲。县名。在西藏自治区拉萨市东北方,县人民政府驻那曲卡。
༢ ས་ཁུལ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དུ་ཡོད་ཅིང་འདིའི་བྱང་ངོས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་དང་འབྲེལ་ནས་ཡོད། ས་ཁུལ་འདིའི་ཁོངས་སུ་ནག་ཆུ་དང་། ཨ་མདོ། སྙན་རོང་། སྦྲ་ཆེན། སོག  འབྲི་རུ། དཔལ་མགོན། ལྷ་རི། ཤན་རྩ་བཅས་རྗོང་ཁག་དགུ་ཡོད་ཅིང་། ས་ཁུལ་གྱི་ལས་ཁུངས་ནག་ཆུ་ཁར་ཡོད།
那曲。地区名。在西藏自治区北部,北面与新疆维吾尔自治区和青海省接壤,辖那曲,安多,聂荣,巴青,索县,比如,班戈,嘉黎,申扎等九个县。专区机关驻那曲卡。
ནང་ཆེན།
རྫོང་ཞིག  མཚོ་སྔོན་ཞིང་ཆེན་ཁོངས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་རྒྱུད་དང་རྫ་ཆུའི་ལྷོ་འགྲམ་དུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་ཤར་མདར་ཡོད།
囊谦。县名。在青海省玉树藏族自治州南部,澜沧江上游南岸。县人民政府驻香达。
ནང་སོག་རང་སྐྱོང་ལྗོངས།
༡༩༤༧ ལོའི་ཟླ་བ་ ༥ པའི་ཚེས་ ༡ ཉིན་དབུ་བརྙེས་ཤིང་། ལྗོངས་མི་དམངས་སྲིད་གཞུང་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དུ་༼ མཁར་སྔོན་པོ་ ༽ ཡོད། གཞིས་ཆགས་ཀྱི་མི་རིགས་སོག་པོ་ཕུད། རྒྱ་དང་། ཧུའེ་རིགས། མན་ཇུ་རིགས། ཁྲའོ་ཞན་རིགས། ཏ་ཝོར་རིགས། ཨོ་ཝུན་ཁེ་རིགས། ཨོ་ལུན་ཁྲུན་རིགས་སོགས་ཡོད་ཅིང་། རང་རྒྱལ་བྱང་རྒྱུད་ན་ཡོད་པའི་རང་སྐྱོང་ལྗོངས་དེ་ཕྱུགས་ལས་ཀྱི་རྟེན་གཞིའི་ས་གནས་གལ་ཆེན་ཞིག་རེད།
内蒙古自治区。建立于194751日。自治区人民政府驻呼和浩特市。居民除蒙古族外,还有汉,回,满,朝鲜,达斡尔,鄂温克,鄂伦春等族。地在我国北部,是我国主要畜牧业基地之一。
རྣམ་གླིང་།
ཤངས་རྣམ་གླིང་སྟེ་རྫོང་ཞིག  གཙང་གཞིས་ཀ་རྩེའི་བྱང་ཤར་ངོས་དང་ཡར་ཀླུངས་གཙང་པོའི་བྱང་ངོས་སུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་རི་སྔོན་དུ་ཡོད།
南木林。县名。又称响朗林。在后藏日喀则东北,雅鲁藏布江北岸,县人民政府驻任伍村。
སྣང་།
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་ཡར་ཀླུངས་གཙང་པོའི་ཆུ་རྒྱུད་དུ་ཡོད།
朗。县名。在西藏自治区南部,雅鲁藏布江沿岸。
སྣེ་གདོང་།
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་ཡར་ཀླུངས་གཙང་པོ་དང་ཡར་ལྷ་ཤམ་པོའི་ཆུ་གཉིས་འཛོམ་སར་ཡོད།
乃东。县名。在西藏自治区南部雅鲁藏布江和雅拉香波曲(雅隆河)汇流处。
༼ པ ༽
པ་སྣམ།
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྒྱུད་དང་མྱང་ཆུའི་སྐེད་རྒྱུད་ན་ཡོད་ཅིང་། རྫོང་མི་དམངས་སྲིད་གཞུང་དེ་ནོར་བུ་ཁྱུང་རྩེར་ཡོད།
白朗。县名。在西藏自治区南部,年楚河中游。县人民政府驻洛布穷孜。
པད་མ།
རྫོང་ཞིག  མཚོ་སྔོན་ཞིང་ཆེན་ཁོངས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་རྒྱུད་དང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་སེ་ལའི་ཐང་དུ་ཡོད།
班玛。县名。在青海省果洛藏族自治州南部,大渡河上游,县人民政府驻赛来唐。
དཔའ་ཤོད།
ཚ་བ་དཔའ་ཤོད་དེ་རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ཤར་རྒྱུད་དང་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་པད་མར་ཡོད།
巴宿。县名。在西藏自治区东部,怒江上游。县人民政府驻白马。
དཔལ་མགོན།
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་གནམ་མཚོའི་བྱང་ངོས་དང་ནུབ་ངོས་ལ་ཡོད། སྔར་གྱི་མིང་རྙིང་ལ་གནམ་རུ་རྫོང་ཟེར། དེང་སང་གི་མིང་འདི་བྲང་ཁོག་མཚོའི་མིང་རྒྱ་ཡིག་ཐོག་ཕབ་དུས། འདི་འདྲ་ཞིག་བྲིས་པ་དེ་སླར་བོད་ཡིག་ཏུ་སྒྱུར་སྐབས་དཔལ་མགོན་ཞེས་སུ་བསྒྱུར་པས་དེང་སང་དེ་ལྟར་གྲགས། རྫོང་མི་དམངས་སྲིད་གཞུང་དེ་ཕུ་བུར་གནས།
班戈。县名。旧名为郎如宗。在西藏自治区纳木湖的北面和西面。“班戈”系由 བྲང་ཁོག་མཚོ་ 音译来,而再由汉文转成藏文时书为 དཔལ་མགོན། 县人民政府驻普保。
དཔལ་ཡུལ།
རྫོང་ཞིག  སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་ངོས་དང་འབྲི་ཆུའི་ཤར་འགྲམ་ན་ཡོད། རྫོང་མི་དམངས་སྲིད་གཞུང་དེ་མར་ཐང་ན་ཡོད།
白玉。县名。在四川省甘孜藏族自治州西部,金沙江东岸。县人民政府驻麻通。
སྤུ་ཧྲེང་།
རྫོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་མངའ་རིས་ཀྱི་ལྷོ་རྒྱུད་ན་ཡོད། སྔར་སྤུ་རང་སྟག་ལ་མཁར་ཡང་ཟེར།
普兰。县名。在西藏自治区阿里南部。