རི་རྒྱུད་དང་གངས་རི།



༼ ཀ ༽
ཀ་འཇའ་ལ།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་ཡུལ་རྫོང་གི་ལ་ཞིག་གི་མིང་ཡིན།
嘎加拉。山名,在四川省甘孜藏族自治州白玉县境内。
ཀུན་བཟང་།
མཚོ་སྔོན་ཞིང་ཆེན་ཁོངས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྐང་ཚ་རྫོང་གི་རི་བོ་ཞིག་གི་མིང་།
更藏山。在青海省海北藏族自治州刚察县境内。 

ཀོང་པོ་བར་ལ།
བོད་རང་སྐྱོང་ལྗོངས་ཀྱི་མལ་གྲོ་གུང་དཀར་རྫོང་དང་ཀོང་པོ་རྒྱ་མདའི་བར་དུ་ཡོད་པའི་ལ་ཞིག་ཡིན་ཞིང་། དབུས་དང་ཀོང་པོའི་མཚམས་རིའང་ཡིན།
工布帕拉。山口名。在西藏自治区墨竹工卡县和工布江达县之间,为前藏和工布地区的分水岭。
དཀར་འཛོམ་ལ།
སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་རོང་རྫོང་གི་ལ་ཞིག
嘎绒拉。四川省甘孜藏族自治州得荣县一山口名。
བཀའ་འགྱུར་རི་ཉག
མཚོ་སྔོན་ཞིང་ཆེན་ཁོངས་མཚོ་ནུབ་སོག་རིགས་བོད་རིགས་ཧ་སག་རིགས་རང་སྐྱོང་ཁུལ་ཐེན་ཅུན་རྫོང་གི་ལ་ཞིག
关角牙合。青海省海西蒙族藏族哈萨克族自治州天峻县一山口名。
སྐམ་ཐོག
ས་མིང་ཞིག་སྟེ་བོད་རང་སྐྱོང་ལྗོངས་ཀྱི་འཇོ་མདའ་རྫོང་ཁོངས་འབྲི་ཆུའི་ནུབ་འགྲམ་གྱི་སྡེ་ཞིག་ཡིན།
岗托。地名。在西藏自治区江达县境金沙江西岸。
སྐྱེམས་སྟོང་།
ས་མིང་ཞིག་སྟེ་དྭགས་པོའི་ཡུལ་ཞིག  དེང་སང་བོད་རང་སྐྱོང་ལྗོངས་ཀྱི་སྣང་རྫོང་ཞི་ཤར་རྒྱུད་ཡོད།
金东。地名。达波地区一地名,在西藏自治区朗县东部。
སྐྱོ་ཐང་དམར་མོ།
རི་བོ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་དཔལ་མགོན་རྫོང་གི་བྱང་ཤར་ངོས་སུ་ཡོད། འདིའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྤྱི་ཁྲེ་༥༣༨༤ཡོད།
交唐马约。山名。在西藏自治区班戈县东北,海拔5384米。
༼ ཁ ༽
ཁ་རི་ལ།
བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་རྩེ་རྫོང་གི་ཤར་རྒྱུད་དུ་ཡོད་ཅིང་དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༥༠༤༥ ཡོད།
卡惹拉。山名在西藏自治区江孜县东部,海拔5045 米。
ཁམས་ཏྲེ་བོ།
སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རོང་པ་ཚ་ནས་རྟའུ་བར་གྱི་སྤྱི་མིང་།
朱倭。四川省甘孜藏族自治州绒坝岔至道孚县一带地区通称。
ཁུ་ནུ་ལ།
རི་ཆེན་ཞིག  ནུབ་ཕ་སྨིར་ས་མཐོའི་ཤར་ངོས་ནས་བཟུང་ཞིན་ཅང་དང་བོད་ལྗོངས་བརྒྱུད་དེ་མཚོ་སྔོན་ཞིང་ཆེན་དུ་བརྒྱུགས་པའི་རི་བོ་ཞིག  དེའི་རིང་ཚད་སྤྱི་ལེ་ ༢༥༠༠ དང་རི་རྩེ་མཐོ་ཤོས་གངས་དཀར་ལ་ཞེས་པ་མཚོ་ངོས་ལས་སྨི་ ༧༧༡༩ ཡོད།
昆仑山。西起帕米尔高原东部,横贯新疆,西藏间,东延入青海。东西长约2500 公里,最高峰为公格尔山,海拔7719 米。
ཁུངས་ལ།
ལ་ཞིག་སྟེ། བོད་རང་སྐྱོང་ལྗོངས་ཀྱི་འབྲོང་པ་རྫོང་གི་ལྷོ་རྒྱུད་དུ་ཡོད།
孔拉。山口名。在西藏自治区仲巴县南部。
ཁྲ་ལ།
མཚོ་སྔོན་ཞིང་ཆེན་ཁོངས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་འདུ་རྫོང་གི་བ་ཡན་ཧ་ལ་རིའི་ལ་ཞིག
察拉。青海省玉树藏族自治州称多县境内巴颜喀拉山一山口名。
ཁྲོ་ལ།
སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་དགེ་རྫོང་གི་རི་ཞིག
雀儿山。在四川省甘孜藏族自治州德格县境内。
མཁལ་སྔོན་ལ།
བོད་རང་སྐྱོང་ལྗོངས་ཀྱི་ཨ་མདོ་རྫོང་ཁོངས་སུ་ཡོད།
克温拉。山口名。在西藏自治区安多县境,又名小唐古拉山口。
མཁལ་དམར་ལ།
བོད་རང་སྐྱོང་ལྗོངས་ཀྱི་ཨ་མདོ་རྫོང་ཁོངས་སུ་ཡོད།
开玛拉。山口名。在西藏自治区安多县境内,又名大唐古拉山口。
འཁྱག་ཆེན་གངས་རུད།
ཤྭ་ལམ་ཞིག   བོད་རང་སྐྱོང་ལྗོངས་ཀྱི་སྤོ་མེས་རྫོང་ཁོངས་སུ་ཡོད།
恰青岗仁。冰川名。在西藏自治区波密县。
༼ ག ༽
གངས་དཀར།
གངས་རི་ཞིག  སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དར་མདོ་རྫོང་ན་ཡོད།
贡嘎山。在四川省甘孜藏族自治州康定县。
གངས་ཏེ་སེའི་རི་རྒྱུད།
བོད་ཀྱི་རི་རྒྱུད་ཆེན་པོ་ཞིག་སྟེ། དེའི་གཙོ་བོའི་རི་རྩེ་མཐོ་ཤོས་གནས་རི་ཁྱད་འཕགས་ཅན་གངས་རིན་པོ་ཆེ་ཞེས་གྲགས་པར་རྣམ་ཀུན་ནས་བོད་དང་། ཕྱི་རྒྱལ་ཁོངས་ཆོས་དད་ཅན་གྱི་མི་ཚོས་ཕྱག་སྐོར་མཇལ་མཆོད་སོགས་བྱེད་པར་མ་ཟད། ལྷག་པར་རྟ་ལོ་ནམ་ཤར་ལ་མཇལ་མི་མང་དུ་འདུས་ནས་ཕྱག་མཆོད་དུས་སྟོན་ཤིན་ཏུ་ཚན་ཆེ་བ་བྱེད་ཡུལ་ཞིག་ཡིན།
冈底斯山脉。西藏大山脉名。在喜马拉雅山脉之北,发脉于昆仑山脉,南行复折而东进,蜿蜓达于林芝。其主峰在阿里专区普兰县境,通称灵雪山,是著名佛教圣地之一,每年由国内外前往朝拜者甚众,尤以马年为多。
གངས་རྩེ་བརྒྱད།
མཚོ་སྔོན་ཞིང་ཆེན་ཁོངས་མཚོ་ནུབ་སོག་རིགས་བོད་རིགས་ཧ་སག་རིགས་རང་སྐྱོང་ཁུལ་གྱི་ཐེན་ཅུན་རྫོང་གི་གངས་རི་ཞིག
岗则吾结。青海省海西蒙族藏族哈萨克族自治州天峻县一雪山名。
གངས་རི་དཀར་པོ།
རི་རྒྱུད་ཅིག  བོད་རང་སྐྱོང་ལྗོངས་ཀྱི་སྤོ་ཡུལ་དང་མེ་ཏོག་རྫོང་བར་དུ་ཡོད།
岗日嘎布。西藏自治区波密地区和墨脱县之间的山脉名。
གངས་རིན་པོ་ཆེ།
གངས་ཏེ་སེའི་རི་རྒྱུད་ཀྱི་རྩེ་གཙོ་བོ་དེ་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་སྤུ་ཧྲེང་རྫོང་གི་བྱང་རྒྱུད་དུ་ཡོད། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༦༦༥༦ ཡོད། ལྷ་དབང་ཕྱུག་ཆེན་པོའི་གནས་རི་ཡང་ཡིན་ཟེར།
冈仁波切。义为灵雪山。为冈底斯山主峰,在西藏自治区普兰县境内。海拔有6646 米,传说此山是大自在天居住的圣地。
གུ་གེ།
བོད་རང་སྐྱོང་ལྗོངས་ཁོངས་རྩ་མདའ་རྫོང་གི་ས་ཆ་ཞིག  མིང་རྙིང་པར་ཞང་ཞུང་ཟེར། གླང་དར་མའི་རབས་བཞི་པ་ལྡེ་གཙུག་མགོན་གྱིས་ཡུལ་འདི་སྐྱོང་མྱོང་བས་གུ་གེ་རྒྱལ་རབས་ཟེར་ཞིང་། མིང་རྒྱལ་རབས་ཀྱི་སྐབས་སུའང་བསྡད་ཡོད། དེའི་རྗེས་ཤུལ་རྩ་མདའ་རྫོང་དུ་ཡོད།
谷格。旧名祥雄。西藏自治区札达县地名。吐蕃王朗达玛四世孙德祖【】于北宋初年领有此地,后衮因名谷格王朝,明代犹存,其宫室城堡遗址今犹可见。
གྱ་གྱུ་ལ་ཁ།
སི་ཁྲོན་ཞིང་ཆེན་ཁོངས་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་བཙན་ལྷ་རྫོང་གི་ལ་ཞིག
夹金山口。四川省阿坝藏族自治州小金县一山口名。
གྱི་ཐང་།
ཙོང་ཁ་ཞེས་པའི་མིང་གི་རྣམ་གྲངས་ཏེ་ད་ལྟ་མཚོ་སྔོན་ཞིང་ཆེན་ཁོངས་མཚོ་སྔོན་པོའི་ཤར་ཕྱོགས་ཀྱི་རྨ་ཆུའི་རྒྱུད་ཀྱི་སྤྱི་མིང་།
吉唐。宗喀古名。地当今青海省内青海湖以东,黄河流域一带。
གྱེས་ལ།
བོད་རང་སྐྱོང་ལྗོངས་ཀྱི་ངམ་རིང་རྫོང་གི་ལྷོ་ནུབ་ངོས་སུ་ཡོད།
切拉。山口名。在西藏自治区昂仁县西南部。
གྲི་གུ།
ས་མིང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་མཚོ་སྨད་རྫོང་གི་མིང་རྙིང་ཡིན།
哲古。地名。西藏自治区措美县之旧名。
གྲོ་བོ་ལུང་།
ལྷོ་བྲག་གྲོང་བོ་ལུང་སྟེ། བོད་རང་སྐྱོང་ལྗོངས་ལྷོ་བྲག་རྫོང་ཁོངས་ཀྱི་ས་ཆ་མར་པ་ལོ་ཙཱ་འཁྲུངས་ཡུལ།
卓窝隆。西藏自治区洛扎县一地名,噶居开派祖师玛尔巴译师出生地。
གྲོ་གཉིས་ལ།
ལ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་རྩ་མདའ་རྫོང་གི་ལྷོ་རྒྱུད་དུ་ཡོད། མཐོ་ཐད་རྒྱ་མཚོའི་ངོས་ནས་སྨི་ ༥༦༡༡ ཡོད།
仲尼拉。山口名。在西藏自治区札达县南部,海拔5611米。
གླ་རྩི་ཁ།
སི་ཁྲོན་ཞིང་ཆེན་ཁོངས་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཟུང་ཆུ་རྫོང་གི་ལ་ཞིག
腊子口。四川省阿坝藏族自治州松潘县一山口。
གླང་ཆེན་འགྱིང་རི།
སི་ཁྲོན་ཞིང་ཆེན་ཨོ་མེ་རྫོང་གི་ལྷོ་ནུབ་ན་ཡོད་ཅིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ ༣༠༩༩ ཡོད་པ་དང་། ཀྲུང་གོའི་ནང་པའི་ཆོས་ལུགས་ཀྱི་གནས་མཆོག་ཅིག
峨眉山。在四川省峨眉县西南,海拔3099 米,为中国佛教圣地之一。
གླང་ཐང་།
ས་མིང་ཞིག  དེང་སྐབས་བོད་རང་སྐྱོང་ལྗོངས་ཀྱི་ལྷུན་གྲུབ་རྫོང་ན་ཡོད།
朗唐。地名。在西藏自治区林周县境内。
དགུན་ཁ་ལ།
ལ་ཞིག   བོད་རང་སྐྱོང་ལྗོངས་ཀྱི་རུ་ཐོག་རྫོང་གི་ནུབ་བྱང་ངོས་སུ་ཡོད།
空喀拉。山口名。在西藏自治区日土县西北部。
རྒུན་ཚང་།
ས་མིང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ཉིང་ཁྲི་རྫོང་གི་ནུབ་རྒྱུད་དུ་ཡོད།
更张。地名。在西藏自治区林芝县西部。
རྒྱང་མཁར་རྫོང་།
བོད་རང་སྐྱོང་ལྗོངས་ཁོངས་མཚོ་སྣ་རྫོང་གི་ས་ཆ་ཞིག་སྟེ། འགྲོ་བ་བཟང་མོའི་གཏམ་རྒྱུད་ལས་འབྱུང་བ་རྒྱལ་པོ་ཀཱ་ལ་དབང་པོའི་བཙུན་མོ་བདུད་མོ་ཧ་ཤང་གི་སྐྱེད་མོས་ཚལ་ཡོད་ས་ཡིན་པར་སྐད།
江喀尔宗。西藏自治区错那县所属一地名。卓瓦桑姆故事中,魔妃哈香的花园,据说即在此地区云。
རྒྱལ་མོ་ཚ་བ་རོང་།
སི་ཁྲོན་ཞིང་ཆེན་ཁོངས་རྔ་བ་བོད་རིགས་རང་སྐྱོང་ཁུལ་མདོ་སྨད་ཀྱི་རོང་ཆེན་གསུམ་མམ་བཞིར་གྲགས་པའི་ནང་ཚན་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་དུ་གྲགས་པའི་ས་ཆ་སྤྱིའི་མིང་།
甲绒。甲魔檫瓦绒。脱思麻地区所有三大谷地中,旧时号称大小金川十八家土司所在地区的总名。今属四川省阿坝藏族自治州。
རྒྱུ་ལ།
སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དར་མདོ་རྫོང་གི་ལ་ཞིག
折多山。在四川省甘孜藏族自治州康定县境内。(2ལ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་རུ་ཐོག་རྫོང་གི་ནུབ་རྒྱུད་དུ་ཡོད།
巨拉。山口名。在西藏自治区日土县西部。
༼ ང་ ༽
ངང་ལུང་གངས་རི།
བོད་རང་སྐྱོང་ལྗོངས་ཀྱི་དགེ་རྒྱས་རྫོང་དང་རུ་ཐོག་རྫོང་གི་མཚམས་སུ་ཡོད་པའི་རི་ཞིག་ཡིན་ཞིང་། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༦༥༩༦ ཡོད།
昂龙冈日。山名。在西藏自治区革吉县和日土县交界处,海拔6596 米。
རྔ་མཇུག་ལ།
བོད་རང་སྐྱོང་ལྗོངས་དཔའ་ཤོད་རྫོང་ཁོངས་ཀྱི་ལ་ཞིག་ཡིན་ཞིང་། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༤༤༦༨ ཡོད།
安久拉。山口名。在西藏自治区八宿县境,海拔4468米。
རྔ་མོང་།
རི་བོ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་དཔལ་མགོན་རྫོང་ཁུལ་རྩ་སྐྱ་གཙང་པོའི་བྱང་ངོས་སུ་ཡོད། འདིའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༥༡༩༤ ཡོད།
昂吾。山名。在西藏自治区班戈县境扎加藏布的北岸。海拔5194米。
༼ ཅ ༽
ལྕགས་པོ་རི།
བོད་ཀྱི་རི་ཆེན་བཞིའི་ཡ་གྱལ། ལྷ་ས་རྩེ་ཕོ་བྲང་གི་འཁྲིས་ལྷོ་ནུབ་ཏུ་ཡོད་པའི་རི་ཆུང་ཞིག
药王山。拉萨布达拉宫西南一小山名。西藏四大名山之一。
ལྕམ་ལ་རྒན།
ལ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་སོག་རྫོང་གི་ལྷོ་རྒྱུད་ན་ཡོད། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༥༢༠༤ ཡོད།
江拉更拉。山口名。在西藏自治区索县的南部,海拔5204米。
ལྕེ་བདེ་ཞོལ།
ས་མིང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་གོང་དཀར་རྫོང་ཁོངས་སུ་ཡོད།
杰德秀。地名。在西藏自治区贡嘎县境。
༼ ཆ ༽
ཆབ་ཆ།
ས་ཆ་ཞིག་སྟེ། མཚོ་སྔོན་ཞིང་ཆེན་གྱི་ཤར་ཕྱོགས་དང་ཟི་ལིང་གྲོང་ཁྱེར་གྱི་ནུབ་ཕྱོགས་ན་ཡོད། ད་ལྟ་མཚོ་སྔོན་ཞིང་ཆེན་ཁོངས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་གུང་ཧོང་རྫོང་མི་དམངས་སྲིད་གཞུང་གནས་ཡུལ་ཡིན།
恰卜恰。地名。位于青海省东部,西宁市的西部的一城镇名。现为青海省海南藏族自治州和共和县人民政府驻地。
ཆུ་གར།
ས་མིང་ཞིག  སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཁོངས་བཙན་ལྷ་རྫོང་གི་བྱང་རྒྱུད་ན་ཡོད།
曲嘎,两河口。地名。在四川省阿坝藏族自治州小金县北部。
ཆུ་གྲོང་ལ།
བོད་རང་སྐྱོང་ལྗོངས་ཀྱི་འབྲི་རུ་རྫོང་གི་བྱང་རྒྱུུད་དུ་ཡོད། དེའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་སྨི་ ༤༨༧༨ ཡོད།
曲仲拉。山口名。在西藏自治区比如县北部,海拔4878米。
ཆུ་སྔོན།
 མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཁོངས་རྨ་སྟོད་རྫོང་གི་རོང་ཞིག
清水即花石峡。在青海省果洛藏族自治州玛多县境内。
ཆུ་མདོ།
ས་མིང་ཞིག  སྤོ་བོ་ཆུ་མདོའང་ཟེར། བོད་རང་སྐྱོང་ལྗོངས་ཀྱི་སྤོ་མེས་རྫོང་ཁོངས་སྤོ་སྟོད་གཙང་པོའི་འགྲམ་དུ་ཡོད།
倾多。又名波倾多。西藏自治区波密县波堆藏布河畔一地名。
ཆུ་མདོ་ལ།
བོད་རང་སྐྱོང་ལྗོངས་ཀྱི་ལྷོ་རྫོང་དང་སྤོ་མེས་ཆུ་མདོའི་བར་དུ་ཡོད། དེའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་སྨི་ ༦༠༥༦ ཡོད།
倾多拉。山名。在西藏自治区洛隆县和波密县的倾多之间,海拔6056米。
ཆུ་བོ་རི།
བོད་ཀྱི་རི་ཆེན་བཞིའི་ཡ་གྱལ། གོང་དཀར་རྫོང་ཁོངས་སུ་ཡོད་པའི་གནས་རི་གྲགས་ཅན་ཞིག་སྟེ། རི་ལྡེབས་སུ་ཆུ་མིག་བརྒྱ་རྩ་བརྒྱད་སོགས་ཁྱད་ཆོས་མང་པོ་ཡོད་པར་གྲགས་ཤིང་། སྔར་གྲུབ་ཆེན་ཐང་སྟོང་རྒྱལ་པོས་རི་གཤམ་གྱི་གཙང་ཆུར་ལྕགས་ཀྱི་ཟམ་པ་བཙུགས་པས་ལྕགས་སམ་ཆུ་བོ་རིར་མིང་ཆགས། དགོན་པ་བཏབ་པ་ལ་ལྕགས་ཟམ་དགོན་པ་ཞེས་གྲགས་སོ།
曲沃日。西藏自治区贡嘎县境内一山名。相传因山上有泉一百八处得名。唐东杰波在此山下雅鲁藏布江上造桥后,山名该称贾桑曲沃日。南岸有寺,名贾桑衮巴。
ཆོལ་ཁ་གསུམ།
དབུས་གཙང་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མིའི་ཆོལ་ཁ། མདོ་སྨད་རྟི་ཆོལ་ཁ་སྟེ་གསུམ།
三区。古代藏文典籍中,划分青康藏地区时,说卫藏为教区,多堆为人区,多麦为马区。
ཆོས་རྫོང་།
ས་མིང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་སྤོ་མེས་རྫོང་ཁོངས་ཀྱི་སྡེ་ཞིག
曲宗。地名。在西藏自治区波密县境。
མཆིམས་ཕུ།
ས་ཆ་ཞིག  དེང་སྐབས་ལྷོ་ཁའི་གྲ་ནང་རྫོང་གི་བསམ་ཡས་ཁོངས་སུ་ཡོད། སྦ་བཞེད་དང་། བསམ་ཡས་གདན་རབས། དབུས་གཙང་གནས་ཡིག་སོགས་ལ་གསལ།
钦普。古地名,在今扎囊县桑耶区。见【拔协】,【桑耶寺志】,【卫藏圣迹志】等古籍中。
མཆོད་རྟེན་ཉི་མ་ལ།
བོད་རང་སྐྱོང་ལྗོངས་ཀྱི་གམ་པ་རྫོང་གི་ལྷོ་རྒྱུད་ན་ཡོད།
曲典尼马拉。楚尔天尼马山口。在西藏自治区冈巴县南部。
༼ ཇ ༽
ཇོ་མོ།
ས་མིང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ཉིང་ཁྲི་རྫོང་ཁོངས་ཉང་ཆུའི་ལྷོ་འགྲམ་དུ་ཡོད།
觉木。地名。在西藏自治区林芝县境尼洋河南岸。
ཇོ་མོ་གངས་དཀར།
ཇོ་མོ་ཚེ་རིང་མའི་གནས་རི་སྟེ་ཇོ་མོ་གླང་མའི་མིང་གཞན།
珠穆冈噶峰。珠穆朗玛峰别名。
ཇོ་མོ་གངས་ཅན་རི།
ཇོ་མོ་ཚེ་རིང་མའི་གནས་གངས་རྒྱལ་མོ་མཐོན་མཐིང་སྟེ་ཇོ་མོ་གླང་མའི་མིང་གཞན།
珠穆冈金峰。珠穆朗玛峰别名。
ཇོ་མོ་གླང་མ་རི།
ཧི་མ་ལ་ཡའི་རི་རྒྱུད་ཀྱི་རི་རྩེ་གཙོ་བོ་ཞིག་ཡིན་ཞིང་། རང་རྒྱལ་གྱི་བོད་རང་སྐྱོང་ལྗོངས་དང་བལ་པོ་གཉིས་ཀྱི་ས་མཚམས་སུ་ཡོད། དེའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་ ༨༨༤༨།༡༣ ཡོད་པས་འཛམ་གླིང་ཐོག་གི་རི་མཐོ་ཤོས་དེ་རེད། གངས་མཐོན་མཐིང་རྒྱལ་མོ་ཞེས་ཀྱང་ཟེར་བ་ཚེ་རིང་མཆེད་ལྔའི་གནས་རིར་གྲགས།
珠穆朗玛。喜马拉雅山主峰,在我国西藏自治区和尼泊尔交界处。别号翠妃雪峰。神话说是长寿五天女所居宫室。海拔8848.13米,为世界第一高峰。
ཇོ་མོ་ནང་།
ཇོ་ནང་པའི་གདན་ས་ཡོད་པའི་ལུང་པའི་མིང་། གཞིས་རྩེ་ཁུལ་གྱི་ལྷ་རྩེ་རྫོང་ཁོངས་སུ་ཡོད།
觉摩囊。藏传佛教觉囊派主寺所在地名。在日喀则地区拉孜县境。
ཇོ་མོ་ལྷ་རི།
རི་བོ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་གྲོ་མོ་རྫོང་ཁོངས་ཕག་རིའི་ཤར་རྒྱུད་དུ་ཡོད།
绰莫拉日。绰莫拉利山。山名。在西藏自治区亚东县东部。
༼ ཉ ༽
ཉང་པོ།
༡ ཡར་ཀླུངས་ཀྱི་ས་ཆ་ཞིོག  ༢ ཀོང་པོ་དང་སྤོ་ཡུལ་ས་འབྲེལ་གྱི་ཡུལ་སྤྱིའི་མིང་།
尼洋波。工布河波密连界地区尼洋河流域总名。
གཉན་ཆེན་ཐང་ལྷ།
༡ རི་བོ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་དབུས། གནམ་མཚོའི་ལྷོ་ངོས་སུ་ཡོད། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༧༡༡༡ ཡོད།
念青唐拉。山峰名。在西藏自治区中部纳木错湖的南沿一带,海拔7111米。
༢ རི་རྒྱུད་ཅིག  བོད་རང་སྐྱོང་ལྗོངས་ཀྱི་འདམ་གཞུང་རྫོང་གི་ནུབ་རྒྱུད་ནས་ཆབ་མདོ་ས་ཁུལ་གྱི་དཔའ་ཤོད་རྫོང་བར་དཀྱུས་སུ་བརྒྱུགས་ནས་ཡོད།
唐古拉山脉。横贯西藏中部,西起当雄县,东至昌都地区八宿县的山脉名。
གཉན་ཞང་ཞུང་།
སྟོད་ཡུལ་ཞང་ཞུང་སྟེ་བོད་ལྗོངས་མངའ་རིས་ཁུལ་ལ་དྭགས་ཀྱི་མིང་རྙིང་པ།
凝祥雄。西藏自治区札达县一古地名。
གཉལ།
བོད་ཡིག་ཐོག་མར་སྲོལ་གཏོད་མཁན་ཐུ་མི་སཾ་བྷོ་ཊའི་འཁྲུངས་ཡུལ་ལྷོ་ཁ་ས་ཁུལ་གྱི་ས་ཆ་ཞིག
涅。藏文创造人土弥桑布札的生地,在西藏自治区隆子县。
གཉལ་པ་གྲྭ་ཚང་།
ལྷོ་བྲག་རྫོང་གི་ས་ཆ་ཞིག  སྔར་འདི་གའི་ཡུལ་མི་རྣམས་ཀྱི་ནང་ནས་ཚོང་ལས་སམ་ཚོང་པ་ཉི་ཚེ་བ་བྱེད་མཁན་མང་བ་དང་ས་ཐག་རིང་ཐུང་གང་སར་ཁྱབ་ཆེ་བས་གྲགས་པ་ཆེ་བའི་ཡུལ་ཞིག་ཏུ་གྱུར།
-洛若。西藏自治区洛札县涅区一地名。旧时,此地居民多作行商,小贩,遍入远近大小村镇,地方因而出名。
སྙེ་ཐང་།
ལྷ་སའི་ནུབ་ཕྱོགས་ཆུ་ཤུར་རྫོང་ཁོངས་ཀྱི་ས་གནས་ཤིག་སྟེ། ཇོ་བོ་རྗེ་ས་གནས་འདིར་ལོ་དགུར་བཞུགས་ཏེ་མཐར་འདས། སྙེ་ཐང་སྒྲོལ་མ་ལྷ་ཁང་གནས་ཡུལ་ཡང་འདི་ཡིན།
聂塘。拉萨西郊曲水县境内一地名,宋代印度佛学家阿底峡曾在此讲学,居住九年,并在此地圆寂。有种敦巴所建度母寺。
༼ ཏ ༽
ཏང་བ་ལ།
སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་རོང་རྫོང་གི་ལ་ཞིག
东往山。在四川省甘孜藏族自治州得荣县境内。
ཏིང་དཀར་ལ།
ལ་ཞིག  བོད་རང་སྐྱོང་ལྗོངས་ཁོངས་སྤུ་ཧྲེང་རྫོང་གི་ལྷོ་རྒྱུད་དུ་ཡོད་ཅིང་། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༥༢༣༠ ཡོད།
丁喀拉。丁喀里普山口。在西藏自治区普兰县南部,海拔5230米。
ཏྲེ་བོ།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་གི་ས་ཆ་ཞིག
朱倭。四川省甘孜藏族自治州炉霍县境一地名。
ཏྲེ་ཧོར།
ཁམས་བྱང་རྒྱུད་རོང་པ་ཚ་ནས་རྟའུ་བར་གྱི་ཡུལ་སྤྱིའི་མིང་།
康区北部自甘孜绒坝岔至道孚县一带地方总名。
རྟ་དཀར་འགྲོ་བཟང་མ།
ཧི་མ་ལ་ཡའི་རི་རྒྱུད་ཀྱི་རི་རྩེ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་དིང་རི་རྫོང་གི་ལྷོ་ངོས་སུ་ཡོད།
达格卓桑玛。意为善走白马仙女,为喜马拉雅山脉一山峰名,位于西藏自治区定日县南部。
རྟ་ནག་རིན་ཆེན་རྩེ།
ས་མིང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་བཞད་མཐོང་སྨོན་རྫོང་གི་ཁོངས་སུ་ཡོད།
达那仁青孜。地名。在西藏自治区谢通门县境内。
རྟ་དབང་།
གྲོང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་མཚོ་སྣ་རྫོང་ཁོངས་མོན་ཡུལ་དུ་ཡོད།
达旺。地名。西藏自治区错那县辖门隅地区一地名。
རྟ་ལ།
ལ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་གཏིང་སྐྱེས་རྫོང་གི་ལྷོ་རྒྱུད་དུ་ཡོད་ཅིང་། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༣༣༧༥ ཡོད།
达拉。山口名。在西藏自治区定结县南部,海拔3375米。
སྟ་རེ་ལ།
བོད་རང་སྐྱོང་ལྗོངས་ཀྱི་ལྷ་རི་རྫོང་གི་ནུབ་རྒྱུད་དུ་ཡོད། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༥༢༤༢ ཡོད།
达热拉。山口名。在西藏自治区嘉黎县境,海拔5242米。
སྟག་གྲུ་ཁ།
གྲུ་ཁ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་གཞིས་ཀ་རྩེའི་ཤར་རྒྱུད་ཡར་ཀླུངས་གཙང་པོའི་ཁ་རུ་ཡོད།
大竹卡。地名。在西藏自治区日喀则县东部,雅鲁藏布江边一渡口名。
སྟག་ལུང་།
ས་མིང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་སྣ་དཀར་རྩེ་རྫོངག་གི་དབུས་རྒྱུད་དུ་ཡོད།
达隆。地名。在西藏自治区浪卡子县中部。
སྟག་ལུང་སྒང་།
སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་རྔ་བ་རྫོང་གི་རི་བོ་ཞིག
达隆岗。山名。在四川省阿坝藏族自治州阿坝县境内。
སྟོང་མཇུག
སྤོ་བོ་སྟོང་མཇུག་སྟེ་བོད་རང་སྐྱོང་ལྗོངས་ཀྱི་ཉང་ཁྲི་རྫོང་ཁོངས་སེར་ཁྱིམ་ལའི་ཤར་ངོས་སུ་ཡོད་པའི་ས་ཆ་ཞིག
东久。地名。在西藏自治区林芝县境色齐拉山东面。
སྟོད་གངས་རིན་པོ་ཆེ།
སྟོད་མངའ་རིས་ཁོངས་སྤུ་ཧྲེང་གི་ཉེ་འདབས་སུ་ཡོད་པའི་གངས་ཏེ་སེ།
冈底斯雪山。在西藏自治区普兰县附近。
སྟོད་གུང་ཐང་།
སྤུ་ཧྲེང་རྫོང་ཁོངས་ཡུལ་ཞིག་གི་མིང་རྙིང་།
堆共塘。普兰县境一古地名。
སྟོད་ལུང་།
ས་ཁུལ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་ལྷ་སའི་ནུབ་བྱང་ངོས་སྟོད་ལུང་ཆུ་རྒྱུད་ཀྱི་སྤྱི་མིང་ཡིན།
堆龙,朵陇。地名。西藏自治区拉萨市西北面堆龙河流域地区。
སྟོབས་ཆེན་ལ།
ལ་ཞིག   བོད་རང་སྐྱོང་ལྗོངས་ཀྱི་དགེ་རྒྱས་རྫོང་གི་ལྷོ་རྒྱུད་དུ་ཡོད།
多布前拉。山口名。在西藏自治区革吉县南部。
༼ ཐ ༽
ཐང་པོ་ཆེ།
༡ མིང་གཞན་སོལ་ནག་ཐང་པོ་ཆེ་ཟེར་ཏེ། འཕྱོངས་རྒྱས་རྫོང་གི་ས་ཆ་སྔར་བོད་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་ཞིག
唐波齐。穷结县地名。十三世纪八思巴建立的十三万户之一,
ཐང་ཕུ།
ས་མིང་ཞིག   བོད་རང་སྐྱོང་ལྗོངས་ཀྱི་འཇོ་མདའ་རྫོང་གི་ཤར་རྒྱུད་དུ་ཡོད།
同普。地名。在西藏自治区江达县境东部。
ཐབ་ལ།
བོད་རང་སྐྱོང་ལྗོངས་ཀྱི་སྐྱིད་རོང་རྫོང་གི་ནུབ་རྒྱུད་དུ་ཡོད་ཅིང་། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༤༦༡༠ ཡོད།
塔普拉。山口名。在西藏自治区吉隆县南部,海拔4610米。
མཐིང་གི་ཞལ་བཟང་མ།
ལྷ་མོ་ཚེ་རིང་མཆེད་ལྔའི་ཡ་གྱལ་ཞིག་སྟེ། བོད་རང་སྐྱོང་ལྗོངས་ཀྱི་དིང་རི་རྫོང་གི་ལྷོ་ངོས་སུ་ཡོད།
丁结协桑玛。意为翠颜仙女,是珠穆朗玛五仙女峰之一。位于西藏定日县南部。
མཐོན་པོ་སྒང་།
མཚོ་སྔོན་ཞིང་ཆེན་ཁོངས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་སྟོད་རྫོང་གི་རི་བོ་ཞིག  མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༤༨༡༠ ཡོད།
同布冈。青海省果洛藏族自治州玛多县一山峰名,峰高海拔4810米。
༼ ད ༽
དུང་ལ།
བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབར་རྫོང་དང་སྤོ་བོ་ཆུ་མདོའི་མཚམས་སུ་ཡོད། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༦༡༤༥ ཡོད།
东拉。山口名。在西藏自治区边坝县和波密地区倾多之间,海拔6145米。
དེ་མོ་ལ།
བོད་རང་སྐྱོང་ལྗོངས་ཀྱི་ཀོང་པོ་དང་སྤོ་ཡུལ་བར་གྱི་ལ་ཞིག
德木拉。一山口名。在西藏自治区工布和波密之间。
དོ་ལ་མདོ།
ས་མིང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་རྫོང་གི་ཁོངས་སུ་གཏོགས།
都兰多。多兰都。地名。在西藏自治区昌都县境。
དྭགས་ཀོང་།
བོད་ལྷོ་ཁ་ཁུལ་གྱི་དྭགས་པོ་ས་ཁུལ་དང་ཉིང་ཁྲི་གྱི་ཀོང་པོ་ས་ཁུལ་གཉིས་ཀྱི་བསྡུས་མིང་།
塔工。西藏自治区德塔波和林芝地区的工布两地的简称。
གདང་ལ།
༡ ལ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་སྙན་རོང་རྫོང་གི་བྱང་རྒྱུད་དུ་ཡོད། དེའི་མཐོ་ཚད་རྒྱ་མཚོའི་ངོས་ན་ས་སྨི་ ༦༢༢༠ ཡོད།
唐古拉。山口名。在西藏自治区聂荣县北部,海拔6220米。
༢ རི་བོ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་བྱང་ཤར་ངོས་དང་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་ངོས་ན་ཡོད། རྒྱལ་མོ་རྔུལ་ཆུ་དང་། ཟླ་ཆུ། འབྲི་ཆུ་བཅས་ཀྱི་ཆུ་འགོ་རི་བོ་འདིའི་གཞོགས་གཉིས་ནས་བྱུང་བ་ཡིན། 
唐古拉山。在西藏自治区东北部和青海省西南部,为怒江,澜沧江和长江发源地。
གདན་ཐོག
སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དར་མདོ་རྫོང་གི་རི་བོ་ཞིག
跑马山。在四川省甘孜藏族自治州康定县。
བདེ་ཆེན།
༡ ས་མིང་ཞིག   བོད་རང་སྐྱོང་ལྗོངས་ཀྱི་སྟག་རྩེ་རྫོང་མི་དམངས་སྲིད་གཞུང་གནས་ཡུལ་དེ་ཡིན།
德庆。地名。为西藏自治区达孜县人民政府所在地。
མདའ་སྒོ་གྲུ་ཁ།
ཡུན་ནན་ཞིང་ཆེན་གྱི་རྒྱལ་ཐང་རྫོང་གི་ཤར་ངོས་འབྲི་ཆུའི་འགྲམ་དུ་ཡོད་པའི་གྲུ་ཁ་ཞིག
打鼓渡。云南省东部中甸县金沙江畔一渡口名。
མདའ་ཆུ་ལ།
ལ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་རྫ་ཡུལ་རྫོང་གི་ལྷོ་རྒྱུད་དུ་ཡོད།
打秋拉。西藏自治区察隅县南部一山口名。
མདའ་པ།
ས་ཆ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་རྩྭ་མདའ་རྫོང་ཁོངས་སུ་ཡོད།
达巴。西藏自治区札达县一地名。
མདོ་སྟོད།
མཚོ་སྔོན་ཞིང་ཆེན་ཁོངས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མིང་རྙིང་།
多堆。青海省海南藏族自治州和果洛藏族自治州一带地方古名。
མདོ་སྨད།
༡ ད་ལྟ་ཆབ་མདོ་ས་ཁུལ་གྱི་མིང་གཞན་ཞིག 今昌都地区别称。༢ མིང་གཞན་གཡེར་མོ་ཐང་སྟེ་ད་ལྟ་མཚོ་སྔོན་ཞིང་ཆེན་ཁོངས་མཚོ་སྔོན་པོའི་ལྷོ་ནུབ་རྒྱུད་དང་རྨ་ཆུ་ནས་ལྷོ་ཕྱོགས་སུ་ཕྱིན་པའི་ས་རྒྱུད་སྤྱིའི་མིང་།
多麦。古译脱思麻,别名野摩塘。地当今青海省境青海湖西南和黄河流域一带。
འདངས་སྟེང་ལ།
ལ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་མཚོ་ཆེན་རྫོང་གི་ལྷོ་རྒྱུད་དུ་ཡོད།
当顶拉。西藏自治区措勤县南部一山口名。
འདུས་བྱུང་།
ས་ཁུལ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་པ་སྣམ་རྫོང་ཁོངས་སུ་ཡོད།
杜穹。西藏自治区白朗县境一地名。
རྡོ་ཁོག་ལ།
བོད་རང་སྐྱོང་ལྗོངས་ཁོངས་མཚོ་སྣ་རྫོང་གི་ལ་ཞིག  རྡོ་ཡི་ཁོག་མ་བཟོ་བའི་ལག་རྩལ་དེ་ནས་དར་འགོ་བཙུགས་པ་ཡིན་ཟེར།
多括山口。在西藏自治区错那县境内。传说西藏制造石锅的技术,即从此地传开。
རྡོ་ཉི་མ།
རི་བོ་ཞིག  མཚོ་སྔོན་ཞིང་ཆེན་ཁོངས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཀུང་ཧོ་རྫོང་ཁོངས་སུ་ཡོད།
日月山。在青海省海南藏族自治州共和县境内。
རྡོ་གཞོང་ལ།
ལ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་སྨིན་གླིང་རྫོང་གི་ཤར་རྒྱུད་དུ་ཡོད།
多雄拉。山口名。在西藏自治区米林县东部。
སྡེ་དགེ་ཁྲོ་ལ།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེའི་ཤར་རྒྱུད་ཀྱི་རི་ཞིག
德格雀儿山。四川省甘孜藏族自治州德格县东部的大山。
ནག་ཚང་།
ས་མིང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ཤན་རྩ་རྫོང་གི་མིང་རྙིང་ཡིན།
纳仓。地名。西藏自治区申扎县旧名。
ནམ་ལ།
ལ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་དིང་རི་རྫོང་གི་ལྷོ་རྒྱུད་དུ་ཡོད།
朗木拉。山口名。在西藏自治区定日县南部。
ནུབ་གངས་ལ།
བོད་རང་སྐྱོང་ལྗོངས་ཀྱི་ལྷ་རི་རྫོང་གི་ཤར་རྒྱུད་དུ་ཡོད། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༥༧༧༦ ཡོད།
鲁贡拉。山口名。在西藏自治区嘉黎县东部,海拔5776米。
ནོར་མགོ་ལ།
གངས་རི་ཡོད་པའི་ལ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་ས་དགའ་རྫོང་གི་ལྷོ་ནུབ་མཚམས་སུ་ཡོད། ལ་རྩེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༦༧༢༤ ཡོད།
卢古拉。雪山和山口名。在西藏自治区萨嘎县西南部,海拔6724米。
གནམ་ལྕགས་འབར་བ།
རི་བོ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་སྨན་གླིང་རྫོང་ཁོངས་ཡར་ཀླུངས་གཙང་པོའི་ཁུག་པ་ཆེན་པོའི་ནང་དུ་ཡོད་ཅིང་། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༧༧༥༦ ཡོད།
南迦巴瓦。山峰名。在西藏自治区米林县境,雅鲁藏布江的大弯里,海拔7756米。
གནས་ཡུལ་དོམ་ལ།
ལ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་སྨན་གླིང་རྫོང་གི་ལྷོ་རྒྱུད་དུ་ཡོད།
纳玉东拉。山口名。亦名索拉山口。在西藏自治区米林县南部。
གནོད་སྦྱིན་གངས་བཟང་།
རི་བོ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་སྣ་དཀར་རྩེ་རྫོང་དང་རྒྱལ་རྩེ་རྫོང་གི་བར་མཚམས་སུ་ཡོད་ཅིང་། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༧༡༩༡ ཡོད།
宁金岗桑拉。山峰名。在西藏自治区浪卡子县和江孜县交界处。海拔7191米。
རྣ་ཐོས་ལ།
བོད་རང་སྐྱོང་ལྗོངས་ཀྱི་གྲོ་མོ་རྫོང་གི་ལྷོ་རྒྱུད་དུ་ཡོད།
乃堆拉。山口名。在西藏自治区亚东县南部。
སྣེའུ།
ས་མིང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཡོད།
柳吾。乃乌。地名。在西藏自治区堆龙德庆县境。
༼ པ ༽
པི་ལང་ལ།
ལ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་སྤུ་ཧྲེང་རྫོང་གི་ལྷོ་རྒྱུད་དུ་ཡོད་ཅིང་། མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༥༣༢༠ ཡོད།
柏林拉。山口名。在西藏自治区普兰县南部,海拔5320米。
དཔའ་རི།
སི་ཁྲོན་ཞིང་ཆེན་ཁོངས་སྨི་ལི་བོད་རིགས་རང་སྐྱོང་རྫོང་དུ་ཡོད་པའི་རི་བོ་ཞིག
巴尔山。在四川省木里藏族自治县境内。
དཔལ་སྐྱིད།
ས་མིང་ཞིག  སི་ཁྲོན་ཞིང་ཆེན་གྱི་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཁོངས་མཛོད་དགེ་རྫོང་གི་ཤར་རྒྱུད་ན་ཡོད།
巴西。地名。在四川省阿坝藏族自治州若尔盖县东部。
དཔལ་དི།
ས་མིང་ཞིག  ཡར་འབྲོག་དཔལ་དི་སྟེ་བོད་རང་སྐྱོང་ལྗོངས་ཀྱི་སྣ་རྩེ་རྫོང་གི་བྱང་རྒྱུད་དུ་ཡོད།
白地。又名羊卓白地。地名。在西藏自治区浪卡子县北部。
དཔལ་ཡིད་ལ།
ལ་ཞིག  བོད་རང་སྐྱོང་ལྗོངས་ཁོངས་གོ་འཇོ་རྫོང་གི་དབུས་རྒྱུད་ན་ཡོད་ཅིང་། དེའི་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་ ༤༦༤༢ ཡོད།
巴依拉。山口名。在西藏自治区贡觉县中部,海拔4642米。
སྤུ་རྒྱལ་གངས་རི།
རི་བོ་ཞིག  བོད་རང་སྐྱོང་ལྗོངས་ཀྱི་སྟེང་ཆེན་རྫོང་གི་ནུབ་རྒྱུད་དུ་ཡོད་ཅིང་། དེའི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་ ༦༣༢༨ ཡོད།
布加冈日。山峰名。在西藏自治区丁青县的西部,海拔6328米。
སྤུང་རི།
མཚོ་སྔོན་ཞིང་ཆེན་ཁོངས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་དམར་ལབ་རྫོང་གི་ལ་ཞིག
奔日。青海省玉树藏族自治州曲麻莱县一山口名。
སྤེན་མདོ་ཉག་ག།
མཚོ་སྔོན་ཞིང་ཆེན་ཁོངས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཆི་ལེན་རྫོང་གི་ལ་ཞིག
扁都口。青海省海北藏族自治州祁连县一山口名。
སྤོ་བོ།
ཡུལ་མིང་ཞིག  བོད་རང་སྐྱོང་ལྗོངས་ཀྱི་སྤོ་པོ་རྫོང་གི་ཁྱབ་ཁོངས་དང་དེང་སང་ཉང་ཁྲི་རྫོང་གི་སྟོང་མཇུག་ས་ཁུལ་གྱི་ཁྱབ་ཁོངས་སྤྱི་མིང་ཡིན་ཞིང་། དེར་སྟོད་སྨད་གཉིས་སུ་ཕྱེ་བའི་ཕར་ལུང་གཙང་པོའི་ཆུ་རྒྱུད་ལ་སྤོ་སྟོད་དང་། ཡིད་འོང་གཙང་པོའི་ཆུ་རྒྱུད་ལ་སྤོ་སྨད་ཅེས་ཟེར།
波薄。地名。今西藏自治区波密县和林芝县东久区所属地区总名。习惯上分上下两部,以帕隆藏布流域为波堆,一易贡藏布流域为波麦。
སྤོ་འབོར་སྒང་།
སྨད་མདོ་ཁམས་སྒང་དྲུག་གི་ནང་གསེས་ཤིག་སྟེ། འབྲི་ཆུ་དང་། ཤར་ཟླ་ཆུ་གཉིས་ཀྱི་དབར་དུ་ཆགས་པའི་ས་ཆའི་སྨད་རྒྱུད། ད་ལྟ་སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་དང་། ཡུན་ནན་ཞིང་ཆེན་གྱི་ནུབ་ཕྱོགས་སུ་ཁུལ་གྱི་སྤྱི་མིང་།
绷波冈。金沙江和雅砻江中间地带下部古名,是下区朵甘思六冈之一,地在今四川甘孜藏族自治州南部和云南西部一带。