རོང་ཁུལ་གྱི་ཞིང་པས་རྡོ་རྩིག་བྱེད་བཞིན་པ།

རྡོ་ནི་སྲ་ཞིང་ཁྲེག་པའི་མིའི་རིགས་ཀྱིས་བཀོལ་སྤྱོད་ཆེས་ཆེ་བའི་ཁང་པ་དང་གྱང་ར། རྡོ་གཅལ་སོགས་ཀྱི་རྒྱུ་ཆ་གཙོ་བོ་གཅིག་ཡིན་པ་མ་ཟད། གྱང་གཞི་བརྩིག་པར་དམ་པོར་ཡོད་པ་དང་། རོང་ཕྱོགས་ཀྱི་ཁང་ཁྱིམ་ཕལ་མོ་ཆེ་མང་ཆེ་བས་རྡོ་དང་ས་རྐྱང་བའི་འདམ་བགགཉིས་ཀྱིས་ཁང་ཁྱིམ་གསར་བཟོ་བྱེད་པའི་གོམས་གཤིས་གནའ་སྔ་མོ་ནས་ཡོད་པ་རེད།  མཐོ་ཚད་མི་ཊར་གཅིག་དང་ཕྱེད་ཀ་བརྩིགས་རྗེས་ཤིང་གི་གྱང་སྒྲོམ་བཞག་སྟེ་གྱང་བརྡུང་བ་ཡིན། རྩིག་གཏིང་རྡོ་ཡིས་བཟོ་བའི་རྒྱུ་རྐྱེན་གཙོ་བོ་གྱང་དམ་པོར་ཡོང་ཆེད་དང་། ཆར་ཆུ་སོགས་ཀྱི་གནོད་སྐྱོན་སྔོན་འགོག་བྱེད་པར་ཧ་ཅང་ཕན་པ་ཆེ་བར་བཤད། འོན་ཀྱང་དེང་སྐབས་རོང་འབྲོག་ཁུལ་དུ་རྡོ་ཡི་རྒྱུ་ཆ་གྲ་སྒྲིག་བྱེད་དགོས་ན་དཀའ་ལས་ཆེ་བ་མ་ཟད། རྡོ་ནམ་མོ་དང་། གྲུ་བཞི་སོགས་ལག་ཏུ་རག་པར་དཀོན་པོ་ཡིན་པའི་རྐྱེན་གྱིས་གྱོ་མོག་དམར་པོས་ཁང་ཁྱིམ་བཟོ་བཞིན་ཡོད།